མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དམ་འཛིན་ནན་མོ་དང་དམ་འཛིན་དངོས་དམ་འཛིན་ཞིབ་ཕྲ་བཅས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་གསལ་བྱུང་བར། ཉེ་དུས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་དང་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལ་མུ་མཐུད་ནན་གྱིས་གཞིགས་ཏེ། “ཕྱི་རིམས་ནང་མཆེད་དང་ནང་རིམས་ཕྱིར་མཆེད”ཀྱི་སྤྱིའི་ཐབས་ཇུས་ལ་གཡོ་འགུལ་མི་ཐེབས་པ་མཐའ་འཁྱོངས་དང་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་གལ་ཆེན་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་བསྟུན་ཐག་གཅོད་བྱ་བར་དམ་འཛིན་བཟང་པོ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་ཐབས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་ཞིབ་ཕྲ་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཟི་ལིང་གྲོང་ཁྱེར་གྱིས་བཀག་སྡོམ་ཚོད་འཛིན་དང་དོ་དམ་ཚོད་འཛིན། དོགས་ཟོན་བཅས་ཀྱི་ལས་དོན་བརྟན་འཇགས་ངང་སྤེལ་བར་མཛུབ་ཁྲིད་ཧུར་ཐག་བྱས། སྡེ་ཁུལ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་བྱས་ཏེ་བཀག་སྡོམ་ཁུལ་དང་ཚོད་འཛིན་ཁུལ། དོ་དམ་ཚོད་འཛིན་ཁུལ། གཅིག་སྡུད་ལོགས་བཀར་མི་སྣ་བཅས་གློད་པའི་བྱ་བ་ཚད་ལྡན་ངང་སྤེལ་ནས། ལོགས་བཀར་མི་སྣ་གློད་པའི་རྗེས་ཀྱི་བདེ་ཐང་དོ་དམ་བྱ་བ་བཟང་པོ་བསྒྲུབས་ནས་མཐའ་མའི་དུས་མཇུག་གི་དུག་སེལ་དང་ཁོར་ཡུག་ཞིབ་དཔྱད་ཚད་ལེན་སོགས་ཀྱི་བྱ་བ་དོན་འཁྱོལ་ནན་མོ་བྱེད་དགོས། གཙོ་གནད་མི་སྣའི་ལོགས་བཀར་དོ་དམ་ཚོད་འཛིན་ལ་མུ་མཐུད་ཤུགས་བསྣན་ནས་ཟི་ལིང་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་གི་ལོགས་བཀར་ལྟ་ཞིབ་གནས་ཀྱི་དོ་དམ་མུ་མཐུད་ཚད་ལྡན་དུ་གཏོང་བ་དང་། “སྔོག་འདོན་གཉིས་དང་ཞིབ་བཤེར་གཉིས”དང་མི་སྣའི་བཀག་སྡོམ་དོ་དམ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས་ཕན་ཚུན་བར་ནད་དུག་འགོས་པ་དང་ཉེན་ཁ་ཕྱིར་ཁྱབ་པ་གཏན་འགོག་བྱེད་དགོས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་བྱ་བ་བཟང་པོ་སྒྲུབ་པ། སྔོན་ནས་ཞིབ་བཤེར་དང་ཁག་བགོས་སྨན་བཅོས་དང་ཐོག་མར་སྨན་བཅོས་བྱེད་པའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། ཚ་རྒྱས་སྒོ་བསྟེན་སྨན་བཅོས་ཚད་ལྡན་ངང་བཀོད་སྒྲིག་བྱེད་པ། ཚ་རྒྱས་སྒོ་བསྟེན་སྨན་ཁང་གི“སོ་ལྟ”ཚོར་སྐྱེན་རང་བཞིན་ཆེ་རུ་གཏོང་བ་དང་། སྒོ་གཏན་དོ་དམ་བྱེད་ཐབས་ཞིབ་ཕྲའི་དོན་འཁྱོལ་བྱེད་དགོས། ནད་རྟགས་གཏན་འཁེལ་གྱི་སྨན་བཅོས་སྐྱོབ་བཅོས་ལ་ནུས་ཤུགས་ཡོད་རྒུ་བཏོན་ཏེ་ཆེད་མཁས་པའི་ཚན་ཆུང་བཙུགས་ནས། “མི་གཅིག་ལ་ཐབས་ཇུས་གཅིག”གི་གནད་འཁེལ་སྨན་བཅོས་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་གི“བདེ་འཇགས་ལམ་ཐིག”བརྟན་པོར་བསྲུངས་ཡོད། དྲིལ་བསྒྲགས་སློབ་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མུ་མཐུད་ནས་རིམས་འགོག་སྨན་ཁབ་གསར་པ་བརྒྱབ་སྟེ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་ཡོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་སྐབས་ཚང་བཤེར་ཆད་གསབ་དང་མི་ཚོགས་གཙོ་བོའི་རིམས་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། ལོ3ནས11བར་གྱི་བྱིས་པར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་མ་བརྩམས་པ་དང་འབྲེལ་སྐུལ་འདེད་བཏང་ནས་རིམས་འགོག་གཙོ་གནད་མི་ཚོགས་དང་དེ་མིན་གྱི་འགོག་སྨན་རྒྱག་པའི་ཆ་རྐྱེན་འཛོམས་པ་མ་ཟད། སྨན་ཁབ་རྒྱག་པའི་དགོས་མཁོ་ཡོད་པའི་མི་ཚོགས་ལ“འགོག་སྨན་རྒྱག་དགོས་ངེས་ལ་ཅི་ནུས་ཀྱིས་འགོག་སྨན་རྒྱག་པའི”སྒོ་ནས་མི་ཚོགས་ཡོངས་ཀྱི་རིམས་འགོག་སྲུང་ཡོལ་གང་མགྱོགས་ཀྱིས་བསྐྲུན་རྒྱུ་རེད།

དེ་དང་ཆབས་ཅིག་འཁྱག་སྦྲེལ་ཟོག་འགྲེམས་དང་མྱུར་སྐྱེལ་ལས་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བར་སྦྲེལ་མཐུད་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ས་ཁུལ་སོ་སོ་རུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གསོ་སྦྱོང་ནང་སྦྱོང་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ། ཧུར་ཐག་གིས་རིམས་ནད་འགོག་པའི་ནུས་པ་ཆེ་རུ་བཏང་།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།