ཡན་པའེ་ཡིས་ཧུའུ་ཀྲུའུ་རྫོང་དུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡན་པའེ་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་དང་། གཞི་རིམ་ཏང་འཛུགས་སྐྱོང་། སྲིད་ཁྲིམས་ལས་དོན་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།

ཡན་པའེ་ཡིས་ཡུལ་དངོས་སུ་མཚོ་སྔོན་གྱི་གྲོང་གསེབ་ཏང་ཀྲི་པུའུ་ཐང་ཁྲོན་གྲོང་རྡལ་ཧྲོང་ཧྲུའུ་གྲོང་ཚོའི་ཏང་ཀྲི་པུའུ་དྲན་གསོ་ཁང་དང་པོར་ལྟ་ཞིབ་བྱས་ནས། ཚའེ་ཅ་པའོ་ཤང་ཧྲང་ལིའུ་ཅ་གྲོང་ཚོའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱ་བར་སྣེ་ཁྲིད་བྱས་པར་རྒྱུས་ལོན་དང་། ས་གནས་དེ་གའི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཡུལ་བབ་དང་བསྟུན་ནས་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པ་སོགས་ཀྱི་བྱེད་ཐབས་ལ་ཁས་ལེན་གནང་། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ《གྲོས་ཆོད》དེ་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལ་ངོས་འཛིན་གང་ལེགས་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་བརྒྱུད་རིམ་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་ལག་བསྟར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱེད་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བཙུགས་ཏེ་ཏང་འཛུགས་སྐྱོང་ལ་དམ་འཛིན་ལྷོད་མེད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ནི་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་དམ་འཛིན་བཟང་པོ་བྱེད་པ་དང་། ཧྲོང་ཧྲུའུ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་གྱི་སློབ་གསོའི་ཁྲིད་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས་སློབ་སྦྱོང་སློབ་གསོའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པར་བསྟན།

རྟོག་ཞིབ་བྱེད་སྐབས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་ཐོག་ནས་ཐང་ཁྲོན་གྲོང་རྡལ་མངགས་གཏོང་ཁང་དུ་བསྐྱོད་དེ། མཐོ་རྒྱུགས་ཀྱི་འོས་བབ་ཞིབ་བཤེར་ལས་དོན་ལ་ལྟ་ཞིབ་བྱས་པ་དང་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་དང་། རིམས་ནད་སྔོན་འགོག་ཚོད་འཛིན། འཕྲལ་བསྟུན་ལས་རེས། གྱོད་གཞི་སྒྲུབ་གཉེར། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་བ། “བཟོ་སྐྲུན”འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་མ་ཟད། ལོ་མཇུག་གི་ལས་དོན་སོ་སོ་སྤྱི་འདོམས་བཟང་པོ་བྱེད་པར་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།