ཞིན་ཁྲང་ཞིང་གིས་རྒྱལ་ཡོངས་ནུས་ཁུངས་སྒྲིག་གཞི་བཅོས་བསྒྱུར་དང་ཐཱན་ཉུང་གཏོང་གི་ཐད་བྱས་རྗེས་འཇོག་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ཤིང་། ཧྲིན་ཀྲང་ངམ་ཞིང་ཆེན་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་དང་། མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། རྒྱལ་ཁབ་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་ཤིང་། འབྲེལ་ཡོད་བྱ་བར་བཀོད་སྒྲིག་ཞིབ་འཇུག་བྱས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་དཔལ་འབྱོར་སྤྱི་ཚོགས་ཀྱི་འགྱུར་བཅོས་ཤིག་ཡིན། “རྒྱལ་ཁབ་ཀྱི་དོན་ཆེན”གྱི་བརྩེ་བ་བཅངས་ཏེ། བསམ་བློའི་ངེས་ཤེས་གཏིང་ཟབ་དང་ཁྲིད་གཞི་གསར་བར་ཞིབ་འཇུག་བྱས་ནས། སྔོན་བསྐྱོད་དང་སྔོན་ལ་ཚོད་ལྟ་བྱས་ཏེ། རྒྱལ་ཡོངས་ནུས་ཁུངས་སྒྲིག་གཞི་བསྒྱུར་བཅོས་དང་ཐཱན་ཉུང་གཏོང་ཐད་བྱས་རྗེས་འཇོག་དགོས། རྒྱལ་ཡོངས་གཞི་གཅིག་རྒྱུན་འཁྱོངས་དང་མཚོ་སྔོན་གྱི་དོན་དངོས་ལ་རྐང་བཙུགས་ནས། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་དང་། འཕེལ་རྒྱས་དང་ཐཱན་ཉུང་གཏོང་གི་འབྲེལ་བ་ཐག་གཅོད་བྱས་ཏེ། ནུས་ཁུངས་གྲོན་ཆུང་སྒོས་དམངས་ཚིས་སྐུལ་འདེད་འཕེལ་རྒྱས་གཏོང་དགོས་པ་མ་ཟད། ཐབས་བརྒྱ་ཇུས་སྟོང་གིས་ནུས་ཁུངས་ཟད་གྲོན་གྱི་སྤྱིའི་ཚད་གཞི་ཚོད་འཛིན་བྱས་ཏེ། ཚད་ལས་མི་བརྒལ་བར་བྱེད་པ་དང་། སྤྱི་དང་བྱེ་བྲག་གི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། རྒྱལ་ཡོངས་བསམ་ཇུས་གཅིག་རྒྱུན་འཁྱོངས་བྱས་ེཏེ། མཚོ་སྔོན་གྱི་དོན་དངོས་ནས་གཞི་ཚུགས་ཏེ། མཚོ་སྔོན་གྱི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་བྱ་བའི་རྣམ་པ་ཆགས་སུ་བཅུག་ནས། དམིགས་འབེན་གཅིག་གྱུར་དང་། མཐུན་འགྲིག་ལ་ཁག་ཐེག དེ་མིན་དེང་སྐབས་དང་ཡུན་རིང་གི་འབྲེལ་བ་ཐག་གཅོད་བྱས་ནས། མིག་མདུན་གྱི་བྱ་བ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། དུས་ཡུན་འབྲིང་རིང་གི་བྱ་བར་སྔ་མོ་ནས་འཆར་འགོད་དང་། གཙོ་གནད་ལས་འགན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ཏེ། བདེ་འཇགས་དང་ཉེན་ཁའི་འབྲེལ་བ་ཐག་གཅོད་ལེགས་པོ་བྱེད་པ་དང་། ཐཱན་ཉུང་གཏོང་དང་ནུས་ཁུངས་མཁོ་འདོན། དམངས་ཚིས་འགན་སྲུང་མཐུན་སྦྱོར་སྐུལ་འདེད་བཏང་ནས། གོ་རིམ་ལྡན་པ་དང་བདེ་འཇགས་ངང་ཐཱན་ཉུང་གཏོང་ལ་ཁག་ཐེེག་བྱེད་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་རྒྱལ་ཁབ་ནུས་ཁུངས་གཙང་མའི་ཐོན་ལས་གསར་སྐྲུན་བྱེད་པ་དང་། ནུས་ཁུངས་གཙང་མའི་མཁོ་འདོན་ཐད། གནད་འགག་གི་གཞོགས་འདེགས་ལས་གཞི་སྐོར་ཞིག་བཀོད་སྒྲིག་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ལྗང་མདོག་གློག་འདོན་བསྡུར་ཚད་གཏན་འཇགས་ངང་མཐོ་རུ་བཏང་སྟེ། གོ་རིམ་ལྡན་པའི་ངང་ལྗང་མདོག་གློག་ཞིང་ཆེན་དང་ས་ཁོངས་བརྒལ་ནས་ཕྱིར་སྐྱེལ་བའི་གཞི་ཁྱོན་ཆེ་རུ་གཏོང་དགོས། ནུས་ཁུངས་སྒྲིག་གཞི་སྙོམས་སྒྲིག་དང་ནུས་ཁུངས་ཟད་གྲོན་གྱི་དཀྱིལ་སྙིང་དམ་འཛིན་བྱེད་པ་དང་། ཐཱན་ཉུང་གློག་ཤུགས་མ་ལག་གསར་སྐྲུན་བྱེད་དགོས། གནད་དོན་ཁ་ཕྱོགས་སུ་བྱས་ཏེ། ནུས་མཐོའི་གསོག་ཉར་འཛུགས་སྐྲུན་ཐད་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། མཁོ་འདོན་དང་འཛད་སྤྱོད། ཐཱན་སྲ་བརྟན་དུ་གཏོང་བའི“སྣེ་གསུམ”ནས་ཤུགས་འདོན་པ་དང་། ནུས་ཁུངས་གཙང་མས་ཚབ་བྱེད་པར་འཚོལ་ཞིབ་བྱེད་དགོས། ནུས་ཁུངས་གཙང་མའི་ཐོན་ལས་གསོ་སྐྱོང་བྱེད་པ་དང་། ཐཱན་ཉུང་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ཏེ། འཕེལ་རྒྱས་ཀྱི་བདག་དབང་ཁོང་དུ་ཆུད་པར་བྱེད་དགོས་པའི་བླང་བྱ་བཏོན། 

མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཅའེ་ཞང་དང་ཝང་ལི་མིང་། ཀྲང་ལི། ལིའུ་ཐའོ་གྲོས་ཚོགས་སུ་ཞུགས་ཤིང་། མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།