བདུན་གཅིག་ལམ་ནུབ་ལམ་དུམ་མཚམས་བཟོ་བཅོས་བྱས་ཏེ་རླངས་འཁོར་ཤར་གཏོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་བདུན་གཅིག་ལམ(ཐུན་རིན་ལམ་ཤར་ཕྱོགས་ནས་རྨ་ཆུ་ལམ་ནུབ)ནས་མཐོང་བ་ལྟར་ན། སྣུམ་ལམ་བཏང་ཚར་ནས་བདེ་སྙོམས་ཡིན་ལ། རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་། དུས་ཡུན་ཉིན60རིང་གི་འབད་བརྩོན་འོག  ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་བདུན་གཅིག་ལམ(ཐུན་རིན་ལམ་ཤར་ཕྱོགས་ནས་རྨ་ཆུ་ནུབ་ལམ)གྱི་བཙོག་ཆུ་ཕྱིར་གཏོང་བཟོ་བཅོས་ལས་གཞི་ཁྱོན་ཡོངས་ནས་འགྲུབ་ཅིང་། རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་། 

རྒྱུས་ལོན་པ་ལྟར་ན། གྲོང་ཁྱེར་བཙོག་ཆུ་ཕྱིར་གཏོང་དང་། ཆུ་ལོག་འགོག་སྲུང་སྒྲིག་ཆས་འཛུགས་སྐྲུན་ལེགས་བཅོས་བྱས་ནས། གྲོང་ཁྱེར་སྡོད་དམངས་ཀྱི་ཁོར་ཡུག་ལེགས་བཅོས་ཡོང་ཆེད། ད་ལོའི་ཟླ9བར། ཟི་ལིང་གྲོང་ཁྱེར་ཙོང་ཆུ་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་སིས་མཁར་ནུབ་ཁུལ་བདུན་གཅིག་ལམ(ཐུན་རིན་ལམ་ཤར་ཕྱོགས་ནས་རྨ་ཆུ་ནུབ་ལམ་)དུ་ཆུ་སྦུག་བཟོ་བཅོས་ལག་བསྟར་བྱས་ཤིང་། ཆུ་སྦུག་གི་སྤྱིའི་རིང་ཚད་སྨི1790ཡོད་ཅིང་། དེའི་ཁྲོད། བཙོག་ཆུའི་ཆུ་སྦུག་བཟོ་བཅོས་སྨི258དང་། ཆར་ཆུའི་སྦུ་གུ་བཟོ་བཅོས་སྨི1355། ཧོང་ཨན་ཞང་དང་། ཆུས་ཡོན་ཞང་། དེ་མིན་ཞུག་ཧྲོས་ལམ་བཅས་ལ་བཟོ་བཅོས་སྨི150ཡོད་པ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།