མཚོ་ལྷོ་ཁུལ་གྱིས་སྤྱོད་ངན་གྱོད་གཞི་དང་འབྲེལ་བའི་ལག་བསྟར་གྱོད་གཞིའི་མ་དངུལ་སྒོརཁྲི560ལྷག་གཅིག་སྡུད་རྩིས་སྤྲོད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས12ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཐེངས་གཉིས་པའི་སྤྱོད་ངན་གྱོད་གཞི་དང་འབྲེལ་བའི་ལག་བསྟར་གྱོད་གཞིའི་མ་དངུལ་གཅིག་སྡུད་ཀྱིས་སྤྲོད་པའི་མཛད་སྒོ་ཁྲི་ཀ་རྫོང་དུ་འཚོགས་པ་དང་། ཡུལ་དངོས་སུ་ཡའོ་ཆེ་གེ་མོ་ལ་སྤྱོད་ངན་གྱོད་གཞི་དང་འབྲེལ་བའི་གནོད་འཚེ་ཕོག་མཁན39ལ་ལག་བསྟར་གྱོད་གཞིའི་དངུལ་ཁྲི518.74སྤྲད་པ་དང་། མཱ་ཆེ་གེ་མོ་ལ་སྤྱོད་ངན་གྱོད་གཞི་དང་འབྲེལ་བའི་གནོད་འཚེ་ཕོག་མཁན2ལ་ལག་བསྟར་གྱོད་གཞིའི་དངུལ་ཁྲི42སྤྲད་པ་དང་། བསྡོམས་པས་སྤྱོད་ངན་གྱོད་གཞི་དང་འབྲེལ་བའི་ལག་བསྟར་གྱོད་གཞིའི་དངུལ་ཁྲི560.74སྤྲད།

ངོ་སྤྲོད་བྱས་པ་ལྟར་ན། ཡའོ་ཆེ་གེ་མོ་དང་མཱ་ཆེ་གེ་མོ་གཉིས་ལ་སྤྱོད་ངན་གྱོད་གཞི་དང་འབྲེལ་བའི་གྱོད་གཞི་དང་། གྱོད་གཞི་དང་འབྲེལ་བ་ཆེ་བ། གྱོད་གཞི་རྙོག་འཛིང་ཆེ་བ། དོ་བདག་དང་འབྲེལ་བ་ཡོད་མཁན་མང་བ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་བ། “ཡོངས་ཁུངས་མི་གཙང་བའི་རྒྱུ་ནོར་གཙང་སེལ”དང“གྱོད་གཞི་གཙང་བཤེར”བྱེད་པར་དཀའ་ངལ་ཆེན་པོ་ཡོད། གྱོད་གཞི་གཉིས་ཀྱི་ཁྲིམས་བཅད་ལ་ནུས་པ་ཐོན་རྗེས་ཁུལ་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་འགྱུར་མེད་སྲ་བརྟན་གྱི་མགོ་ཁྲིད་འོག་སྲིད་ཁྲིམས་སྡེ་ཁག་སོ་སོས་ཁྲིམས་ཁང་གི་ལག་བསྟར་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་པ་དང་། ལྷག་པར་མང་རྫོང་ནག་སེལ་གཞུང་དོན་ཁང་གིས་སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་མི12ས་ཆ་གཞན་དུ་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ཏེ། གུང་ཧོ་རྫོང་གི་ནག་སེལ་ངན་འཇོམས་གཞུང་ལས་ཁང་གིས་སྤྱི་འདོམས་མཉམ་སྒྲུབ་བྱས་ནས། སྟོབས་ཤུགས་གཅིག་སྡུད་ཀྱིས་ནག་གཤེད་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ་དང་རྦད་དེ་བྱ་ཐབས་སྤྱད་དེ་ཕྱོགས་གཏོགས་ཉེས་གསོག་གི་དཔལ་འབྱོར་གྱི་རྨང་གཞི་དང་བཅའ་ཁྲིམས་ཀྱི་དབང་གྲགས་མངོན་པར་བྱས། མིག་སྔའི་བར་གྱོད་གཞི་དེ་གཉིས་ལག་བསྟར་དོན་འཁྱོལ་བྱུང་བའི་དངུལ་འབོར་སྒོར་ཁྲི1704.56ཟིན་པས་ལེགས་འགྲུབ་བྱུང་ཚད81.54%ཟིན་ཡོད།

མཚོ་ལྷོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་སྤྱོད་ངན་གྱོད་གཞི་དང་འབྲེལ་བའི་ལག་བསྟར་གྱོད་གཞིའི་དངུལ་གཅིག་སྡུད་ཀྱིས་སྤྲད་པ་ནི་ཁུལ་ཡོངས་ཀྱིས་ད་ལོའི་ཟླ9པར་ལག་བསྟར་གྱོད་གཞིའི་དངུལ་སྤྲད་རྗེས་ཀྱི་ཁྲིམས་ལྟར་ལག་བསྟར་ཤུགས་ཆེན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་གཞན་ཞིག་ཡིན། ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་དམངས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་། “ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ”པ་ལག་བསྟར་བྱེད་སྒོ་གཏིང་ཟབ་སྒོས་སྤེལ་ནས། སྤྱོན་ངན་གྱོད་གཞི་དང་འབྲེལ་བའི་རྒྱུ་ནོར་ཆད་གཅོད་ལག་བསྟར་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་བ་བཅས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།