ཟི་ལིང་གྲོང་ཁྱེར་གྱི་མྱུར་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ནས་གོ་རིམ་ལྡན་པར་སླར་གསོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རིམས་ནད་ཀྱི་དབང་གིས་སྦྲག་སྲིད32མཚམས་བཞག་ཅིང་། མྱུར་སྐྱེལ་དྲ་གནས་སླར་གསོ་རྒྱུན་ལྡན་དུ་གྱུར་ཟིན་ལ། གྲོང་ཁྱེར་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུ་ཁྱོན་ཡོངས་ནས་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་། 

ཐེངས་འདིའི་རིམས་ནད་བྱུང་བའི་རིང་ལ། ཟི་ལིང་གྲོང་ཁྱེར་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་རིམས་ནད་འགོག་སྡོམ་ལྷོད་མེད་དུ་བྱས་ཏེ། མྱུར་སྐྱེལ་ཞབས་ཞུ་མི་ལྷོད་པ་དང་། རིམས་ནད་ལས་གཉེར་གྱི་དུས་ཚིགས་ལེགས་ཤོས་ཀྱི་གནོན་ཤུགས་ཁྱད་དུ་བསད་དེ། ཕན་ནུས་ལྡན་པའི་འགོག་སྲུང་དང་གོ་རིམ་ལྡན་པའི་གདོང་གཏད་ནས། གྲོང་ཁྱེར་ཡོངས་ཀྱི་མྱུར་སྐྱེལ་གཏན་འཇགས་ངང་ཤར་གཏོང་བྱེད་པར་ཁག་ཐེག་བྱས། ཟི་ལིང་གྲོང་ཁྱེར་སྦྲག་སྲིད་དོ་དམ་ཅུའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་རིམས་ནད་འགོག་སྡོམ་འགན་འཁྲི་དོན་འཁྱོལ་དང་། “བཙན་ཚུགས་གསུམ་དང་ངེས་པར་བཞི”“མི་དང་དངོས་པོ། ཁོར་ཡུག”མཉམ་འགོག་བླང་བྱ་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་སྡེབ་སྒྲིག་ལྟེ་གནས་སུ་བྱེད་ནུས་ཆེ་བའི་དུག་སེལ་འཕྲུལ་ཆས་དང་། བདམས་གསེས་སྡེབ་སྒྲིག་ར་བ་སོ་སོར་རྒྱབ་ཁུར་ཅན་གྱི་དུག་སེལ་འཕྲུལ་ཆས་སོགས་སྡེབ་སྒྲིག་བྱས་ནས། སྡེབ་སྒྲིག་ལྟེ་གནས་དང་གནས་སྐབས་ཀྱི་བདམས་གསེས་ར་བ། ཚོང་གཉེར་དྲ་གནས། མྱུར་སྐྱེལ་རླངས་འཁོར་སོགས་ལ་དུས་ངེས་ཅན་ནང་དུག་སེལ་བྱས་ནས། མྱུར་སྐྱེལ་དངོས་པོ་རེ་རེར་དུག་སེལ་བྱེད་པ། དེ་མིན་མྱུར་སྐྱེལ་ལས་སྒྲུབ་མི་སྣས་ལོགས་བཀར་ལྭ་བ་གྱོན་ནས། ཚད་གཞི་ཆེ་བའི་སྒོ་ནས་ལས་གཉེར་མི་སྣ་དང་འཕྲིན་སྐྱེལ་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། རིམས་ནད་ཀྱི་བརྒྱུད་སྒྲོག་དང་རྒྱ་བསྐྱེད་པར་འགོག་སྡོམ་ནན་མོ་བྱས། 

དུས་མཚུངས་སུ། མགོ་ཁུངས་དོ་དམ་ཚོད་འཛིན་བྱེད་པ་དང་གོ་རིམ་སོ་སོའི་དུག་སེལ་བྱེད་པའི་སྔོན་འགྲོའི་འོག  འཕེལ་རྒྱས་དང་དམངས་འཚོ་དང་དམ་དུ་འབྲེལ་ནས། སྟོབས་ཤུགས་ཡོད་རྒུས་མྱུར་སྐྱེལ་ཞབས་ཞུར་འགན་སྲུང་བྱས། བསྡོམས་རྩིས་བྱས་པ་ལྟར་ན། ཟླ11པའི་ཚེས1ཉིན་ནས་ཚེས17ཉིན་བར། གྲོང་ཁྱེར་ཡོངས་ཀྱི་མྱུར་སྐྱེལ་ཞབས་ཞུ་ཁེ་ལས་ལས་གཉེར་བྱེད་ཚད་དངོས་པོ་ཁྲི160.4སླེབས་པ་དང་། དུས་མཉམ་ལས25.11%འཕར་བ་དང་། མྱུར་སྐྱེལ་གཏོང་ཚད་ཁྲི1048.14ལ་སླེབས་ཤིང་། དུས་མཉམ་ལས8.57%འཕར། སྤྱིའི་ཆ་ནས་བལྟས་ན། ཆ་སྙོམས་ཀྱི་ཉིན་རེའི་ཐག་གཅོད་བྱེད་ཚད་ཁྲི71.09སླེབས་ཤིང་། དུས་མཉམ་ལས10.5%འཕར་ཞིང་། ལས་གཉེར་བྱེད་ཚད་དང་དངོས་སྐྱེལ་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་སྐྲུན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།