གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རིམས་འགོག་འཐབ་ཕྱོགས་དང་པོའི་ན་གཞོན་དང་བླངས་པར་འཚམས་འདྲིའི་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐའེ་སྡེ་ཁུལ་དང་ཟི་ལིང་མེ་འཁོར་འབབ་ཚུགས། ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐང་བཅས་སུ་ཕྱིན་ནས་རིམས་འགོག་འཐབ་ཕྱོགས་དང་པོའི་ན་གཞོན་དང་བླངས་པ་དང་ན་གཞོན་འཕྲལ་བསྟུན་རུ་ཁག་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་ནས། ན་གཞོན་དང་བླངས་པ་རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་པའི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ཞུགས་པའི་ན་གཞོན་དང་བླངས་པ་རྣམས་ལ་བཀའ་དྲིན་ཆེ་ཞུས།

རེས་སྐོར་འདིའི་རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། འཕྲལ་དུ་གྲོས་གཞིའི་ཡི་གེ་བཏོན་པ་དང་རིམ་པ་སོ་སོའི་སྡེ་ཚོགས་རྩ་འཛུགས་ཀྱི་ན་གཞོན་ལ་སྐུལ་སློང་བྱས་ནས། རིམས་འགོག་འཐབ་ཕྱོགས་དང་པོར་བསྐྱོད་དེ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ། རྒྱ་ཆེའི་ན་གཞོན་དང་བླངས་པ་རྣམས་ཐེངས་འདིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་གལ་ཆེན་ཏུ་གྱུར་ནས། དུས་རབས་གསར་པའི་དང་བླངས་པའི་ལས་འགན་དང་འགན་འཁྲི་མཚོན་པར་བྱས་པ་མ་ཟད། དུས་རབས་གསར་པའི་གུང་གཞོན་ཚོགས་པའི་དཔལ་ཡོན་ཉམས་འགྱུར་མངོན་པར་བྱས། གུང་གཞོན་ཚོགས་པའི་ན་གཞོན་དང་རྒྱ་ཆེའི་དང་བླངས་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་ཆེས་ཉེན་ཁ་ཆེ་བའི་ས་གནས་སུ“ལེགས་སྐྱེས་དང་མཛའ་མཐུན། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཅིག་གྱུར་བཀོད་སྒྲིག་དོན་འཁྱོལ་ནན་མོ་དང་། རང་ངོས་ཀྱི་བདེ་ཐང་ལ་འགན་ལེན་དང་མི་སྒེར་གྱི་འགོག་སྲུང་ལས་དོན་བཟང་པོ་བསྒྲུབས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་ལ་ཚད་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་རིམས་འགོག་དང་བླངས་ཞབས་ཞུའི་ལས་དོན་ནང་ཞུགས།

བྱེད་སྒོའི་ཁྲོད་རིམས་འགོག་ན་གཞོན་དང་བླངས་པ་དང་ན་གཞོན་ཐོལ་རྒོལ་རུ་ཁག་ལ་ཐུན་མོང་ལ་གཅིག་སྤྱོད་ཅན་གྱི་ཁ་ཐུམ་དང་མིག་སྲུང་ཤེལ་མིག དུག་སེལ་ཡོ་བྱད། སྟབས་བདེའི་ཐུག་པ་སོགས་རིན་ཐང་སྒོར་ཁྲི12ཡི་རིམས་འགོག་དངོས་ཟོག་ཞལ་འདེབས་བརྒྱབ། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། རེས་སྐོར་འདིའི་རིམས་ནད་བྱུང་བ་ནས་བཟུང་གུང་གཞོན་ཚོགས་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མགྱོགས་མྱུར་སྒོས་བཀོད་སྒྲིག་དང་རང་འགུལ་ངང་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་ན་གཞོན་རྣམས་ལ་འབོད་སྐུལ་གཏོང་བའི་བྱ་སྤྱོད་སྤེལ་ནས། དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་དང་། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་རིམ་པ་སོ་སོ་དང་རིགས་སོ་སོའི་ལས་སྟེགས་བརྒྱུད། རིམས་ནད་སྔོན་འགོག་ཚོད་འཛིན་ལ་སྒོར་ཁྲི24ལྷག་གྱི་དངོས་ཟོག་བསྡུས། མིག་སྔའི་བར་ན་གཞོན་ཐོལ་རྒོལ་རུ་ཁག187ཡོད་པ་དང་། ན་གཞོན་དཔལ་ཡོན་ཐུན་མོང་ཚོགས་པ70དང་། ན་གཞོན་ཚོགས་པའི་ཁོངས་མི4388དང་ཧུར་ཐག་འབད་བརྩོན་འཕྲལ་བསྟུན་ཚོགས་པས་རྩ་འཛུགས་འབོད་སྐུལ་ན་གཞོན་དང་བླངས་པ་ཁྲི2.4།  དུས་ཚོད་དང་པོར་རིམས་འགོག་འཐབ་ཕྱོགས་དང་པོར་བསྐྱོད་ནས། མཐའ་གཅིག་ཏུ་རིམས་ནད་འགོག་མཆེད་པར་བཀག་འགོག་བྱ་ཆེད་དང་ རིམས་འགོག་འཐབ་རྩོད་ལ་རྒྱལ་ཁ་ལེན་པར་ན་གཞོན་གྱི་སྟོབས་ཤུགས་ཕུལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།