ལིའུ་ཐའོ་ཡིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོན་པོས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརླན་སའི་ཆུ་ཚད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མགོ་འཛིན་བྱས་ཏེ་ཆེད་དོན་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བརླན་སའི་སྲུང་སྐྱོབ་བྱ་བའི་གནས་ཚུལ་ཡར་ཞུར་ཉན་པ་དང་། 《མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་བེད་སྤྱོད་དོ་དམ་ཚོད་འཛིན་བྱེད་ཐབས(ཚོད་ལྟར)》ལ་གྲོས་ཞིབ་བྱས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དོན་འཁྱོལ་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་དང་། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བྱ་བ་དོན་འཁྱོལ་དམ་འཛིན་བྱས་ནས། ཞིང་ཆེན་ཡོངས་ཀྱི་བརླན་སའི་ཆུ་ཚད་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ལིའུ་ཐའོ་ཡིས་བསྟན་དོན། ཏང་ཀྲུང་དབྱང་གིས་བརླན་སའི་སྲུང་སྐྱོང་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། བརླན་སའི་སྲུང་སྐྱོབ་དང་སླར་གསོ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འཐབ་ཇུས་བཀོད་སྒྲིག་ཁྲོད་བླངས། མཚོ་སྔོན་བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཤིང་། བརླན་སའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། “ཀྲུང་ཧྭའི་ཆུ་མཛོད”སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱེད་པའི་གཞོགས་འདེགས་གལ་ཆེན་ཞིག་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན། བརླན་སའི་སྲུང་སྐྱོབ་ཀྱི་དོན་སྙིང་ལ་ངེས་ཤེས་ཡོད་པར་བྱས་ནས། ཆབ་སྲིད་ཀྱི་འགན་འཁྲི་སྲ་བརྟན་དང་། འགན་འཁྲི་ཤུགས་དྲག་ཏུ་བཏང་སྟེ། བརླན་སའི་སྐྱེ་དངོས་སྣ་མང་རང་བཞིན་དང་།སྐྱེ་ཁམས་མ་ལག་སྒྲིག་གཞི་དང་བྱེད་ནུས་འཐུས་ཚང་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན། 

ལིའུ་ཐའོ་ཡིས་ནན་གྱིས་བསྟན་དོན།བརླན་སའི་སྲུང་སྐྱོང་དོ་དམ་སྒྲིག་སྲོལ་འཐུས་ཚང་དང་། ཁྱོན་ཡོངས་ནས་བརླན་སའི་སྲུང་སྐྱོབ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། “སྙོམ་སྒྲིག་གསུམ”གྱི་གྲུབ་འབྲས་དེ་རྨང་གཞིར་བྱས་ཏེ། བརླན་སའི་ཁྱབ་ཁོངས་སྙོམས་སྒྲིག་ལ་སྐུལ་འདེད་གཏོང་དགོས། བརླན་སའི་བེད་སྤྱོད་དོམ་སྒྲིག་སྲོལ་གཟབ་ནན་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལག་བསྟར། བདེ་ཐང་གཏན་འཇགས་ཀྱི་བརླན་སའི་སྐྱེ་ཁམས་མ་ལག་འཛུགས་སྐྲུན་བྱེད་དགོས། བརླན་སའི་སྲུང་སྐྱོབ་རྨང་གཞི་གཞོགས་འདེགས་སྲ་བརྟན་དུ་བཏང་སྟེ། སྲིད་ཇུས་དང་ཁྲིད་གཞི་ཞིབ་འཇུག་ཇེ་ཟབ་ཏུ་བཏང་ནས། “ཐན་གཉིས”དམིགས་འབེན་མངོན་འགྱུར་ལ་རོགས་འདེགས་བྱེད་དགོས། བརླན་སའི་རིམ་བགོས་དོ་དམ་འགན་འཁྲི་མ་ལག་ལག་བསྟར་དང་། ཕྱུགས་བསྐྱུར་རྩྭ་འདེབས་སྲིད་ཇུས་དང་བྱེད་ཐབས་སྒྲིག་བཟོ་བྱས་ཏེ། བརླན་སའི་རྒྱ་ཁྱོན་གཏན་འཇགས་ཁྲོད་འཕར་བར་ཁག་ཐེག་བྱེད་དགོས། ཚན་རིག་སྒོས་བརླན་སའི་ཐོན་ཁུངས་བེད་སྤྱོད་དང་། ཐུན་མིན་གྱི་དགེ་མཚན་འདོན་སྤེལ་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་ས་གསར་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།