མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཐུན་མོང་གཅིག་དང་མི་སྒེར་གཅིག་ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་གཟེངས་བསྟོད་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས19ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡིས་རྒྱལ་ཡོངས་ཀྱི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་གཟེངས་བསྟོད་ཚོགས་ཆེན་བསྡུས་པ་དང་།མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མཁར་དབུས་ཆུས་ཀྱི“ཁུར་མོང་སྒྲོག་འགྲེལ་རུ་ཁག”ལ“གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་ཐུན་མོང་གི”གཟེངས་རྟགས་དང་།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་སྒྲོག་འགྲེལ་རུ་ཁག་གི་མགོ་གཙོ་སྲུང་མར“གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་མི་སྒེར”གྱི་གཟེངས་རྟགས་བཅས་ཐོབ་ཡོད་པ་རེད། 

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་པས་གཞི་རིམ་དུ་གཞི་ཚུགས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་སྐོར་ཞིག་འཚར་ལོངས་བྱུང་བ་དང་། བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ཁྲིད་ཕྱོགས་ཡང་དག་པ། གསོན་ཉམས་ལྡན་པ་བཅས་ཀྱི་ཕུལ་བྱུང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་སྙན་ཞུ་དང་བརྙན་ཐུང་རབ་དང་རིམ་པ་འགྲེམ་སྤེལ་བྱས་ཡོད། 2016ལོ་ནས་བཟུང་རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་བྱ་དགའ་སོ་སོར20ཐོབ་པའི་ནང་སྔོན་ཐོན་ཐུན་མོང10དང་།སྔོན་ཐོན་མི་སྒེར6། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ཕུལ་བྱུང་སྙན་ཞུ3། རིགས་པའི་གཞུང་ལུགས་ཀྱི་ཕུལ་བྱུང་བརྙན་ཐུང1བཅས་ཡོད་པ་རེད།

གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་ཕུལ་བྱུང་རྐང་འཛིན་པས་སྣེ་ཁྲིད་བྱེད་པ་དང་། རིམ་པ་སོ་སོས་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་མཛུབ་ཁྲིད་འོག མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ལས་དོན་གྱིས་བྱེད་ཐབས་དང་བརྒྱུད་སྒྲོག་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱུང་བ་དང་གཞི་རིམ་གྱི་སྒྲོག་འགྲེལ་ལས་དོན་གཏིང་ཟབ་པ་དང་ལག་བསྟར་བྱེད་པ་བཅས་ལ་སྐུལ་འདེད་བཏང་ཡོད་པས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་མི་མན་པ་ཕུལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།