དབྱང་ཀྲི་ཝུན་གྱིས་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ངེས་གཏན་རོགས་སྐྱོར་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲི་ཝུན་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ཧྲི་ཧྲན་ཡུལ་ཚོ་ཞའོ་ཀི་སྡེ་བ་དང་ཞི་ཕའོ་སྡེ་བ། ཧྥིན་ཅི་སྡེ་བ་འོག་མ། ཧྲི་པན་ཐང་སྡེ་བ་བཅས་ལ་སོང་ནས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ངེས་གཏན་རོགས་སྐྱོར་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་པ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ངེས་གཏན་རོགས་སྐྱོར་སྤེལ་བ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྟེང་ནས་མདུན་གྲས་སུ་བསྐྱོད་ཐུབ་པར་བྱེད་དགོས།

དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ངེས་གཏན་རོགས་སྐྱོར་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བ་དང་མཉམ་དུ་ཕྱུག་པོར་བསྒྱུར་བའི་ཐད་ནས་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཡིན་པས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་བྱེད་པའི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། བྱ་བའི་བསམ་ཕྱོགས་གསར་གཏོད་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་ཕྱིར་དབུལ་བོར་འགྱུར་བའི་གནས་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། རྫོང་དང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པ་དང་། ཐོན་ཁུངས་ཀྱི་དགེ་མཚན་དང་ད་ཡོད་རྨང་གཞི་ལ་རྐང་འཛུགས་པ། ཀུན་ཕན་རང་བཞིན་གྱི་ཞན་ཆ་ཁ་གསབ་བྱེད་པའི་ལས་གཞི་ལག་བསྟར་བྱེད་པར་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱེད་པ། ཐུན་མོང་དཔལ་འབྱོར་གོང་འཕེལ་གཏོང་བ། མི་སྡོད་ཁོར་ཡུག་ལེགས་བསྒྱུར་བྱེད་པ། སྤྱི་ཐུན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ། གྲོང་གསེབ་དར་སྤེལ་གྱི་བྱ་བར་སྦྲེལ་མཐུད་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། དུས་རབས་གསར་བའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པ། བདེ་ཐང་དཔལ་ཡོན་དང་མདུན་སྐྱོད་ཀྱི་དར་སྲོལ་གསར་པ་དར་སྤེལ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱ་བར་གཅིག་གྱུར་འཆར་འགོད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་ཆབ་སྲིད་ཀྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ། མཐུན་སྦྱོར་མཛུབ་ཁྲིད་ལ་ཤུགས་བསྣན་ནས། ཁོངས་གཏོགས་ས་ཁུལ་གྱིས་མཉམ་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་གཞོགས་འདེགས་བྱེད་པ་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།