ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་དང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་དང་། ཆེད་དོན་སློབ་སྦྱོང་གྲོས་ཚོགས། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་གྲོས་ཚོགས་བཅས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྡེ་ཁག་སོ་སོའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱ་བར་སྐུལ་སློང་བཀོད་སྒྲིག་བྱས།

སྡེ་ཁག་སོ་སོས་མཉམ་གཅིག་ཏུ་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ང་ཚོའི་ཏང་གིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ལོ་རྒྱུས་ཀྱི་འདྲེས་མཚམས་ཀྱི་དུས་སྐབས་གལ་ཆེན་དུ་བསྡུས་པའི་སྤྱི་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་གྲོས་ཚོགས་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚབ་མཛད་ནས་ཕུལ་བའི་བྱ་བའི་སྙན་ཞུ་དང་གསུང་བཤད་གལ་ཆེན་གྱིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པ་དང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་གཟི་བརྗིད་སྔར་ལས་ཆེན་པོ་བརྩོན་ལེན་བྱེད་པའི་ཐད་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་གྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་དེ། ཏང་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་སྒྲིལ། འགུལ་སྐྱོད་གཅིག་གྱུར་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པ་མགོ་རྩོམ་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བའི་རང་འགུལ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་དྲང་སེམས་ལ་བརྟེན་ནས། སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྤྱད་དེ་བསམ་བློ་གཅིག་གྱུར་བྱེད་པ་དང་འགུལ་སྐྱོད་གཅིག་གྱུར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མིག་སྔར་དང་རྗེས་ཕྱོགས་ཀྱི་བྱ་བ་སྣ་ཚོགས་ཁྲོད་ནས་ལག་བསྟར་ནན་མོ་བྱེད་དགོས།

སྡེ་ཁག་སོ་སོས་མཐའ་གཅིག་ཏུ་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་རེ་བ་གལ་ཆེན་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། མིག་སྔའི་བྱ་བ་གལ་ཆེན་བཟང་པོར་བསྒྲུབ་པ་དང་ཟུང་འབྲེལ་བྱེད་པ། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བྱེད་ཐབས་བཟང་པོ་དང་འགུལ་སྐྱོད་དངོས་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་རྨང་གཞིའི་སྟེང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་གྱི་གྲུབ་འབྲས་རྒྱ་བསྐྱེད་དེ། མང་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་དགོས། རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་དང་གནས་བཞི་འཛུགས་སྐྲུན་བྱེད་པ་སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་ལ་དམིགས་ནས། སློབ་སྦྱོང་གི་གྲུབ་འབྲས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལག་ལེན་གསོན་པོར་བསྒྱུར་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ། ལོ་འགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཚད་གཞིར་བཟུང་ནས། སྤོབས་པ་ཆེར་སྐྱེད་དང་སྟོབས་ཤུགས་ཡོད་རྒུ་འདོན་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དངོས་གོང་གཏན་འཇགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་དོན་དོངས་སོགས་བྱ་བ་གཙོ་བོ་དམ་འཛིན་བྱེད་པ། ལོ་ཧྲིལ་བོའི་མཇུག་བསྡུ་བྱ་བ་བཟང་བོར་བསྒྲུབ་ནས། ཧུར་ཐག་གིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་གྱི་ཆེས་བཟང་བའི་གྲུབ་འབྲས་བརྩོན་ལེན་བྱེད་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་འགོ་རྩོམ་པའི་ལོའི་གྲུབ་འབྲས་བཟང་པོ་ལེན་ཐུབ་པར་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།