མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་གྲོས་ཚོགས་བསྡུས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱ་བ་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཁྱོན་ཡོངས་ནས་སྤྱི་བསྡོམས་བྱས་པ་དེ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན། ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་ལས་བྱེད་པས་ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ཀྱི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཏང་གི་བཟོ་བའི་འགུལ་སྐྱོད་ལས་དོན་གཅིག་རྒྱུད་གཅིག་འཛིན་བྱེད་པ་དང་དར་རྒྱས་གོང་འཕེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་དུ་འགྲེང་ནས་ཏང་གིས་ལོ་བརྒྱའི་ལོ་རྒྱུས་ཁྲོད་བསྡུ་གསོག་བྱས་པའི་ཉམས་མྱོང་ཆེན་པོ་བཅུ་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལ་རྒྱུས་ལོན་གསལ་བོ་བྱེད་པ། ཏང་གི་ལོ་བརྒྱའི་ལོ་རྒྱུས་ཁྲོད་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ཆེན་པོ་བཞི་ལ་རྒྱུས་ལོན་གསལ་བོ་བྱེད་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་རླབས་ཆེན་གྱི་འཕུར་མཆོང་གསུམ་ལ་ངོས་འཛིན་གཏིང་ཟབ་བྱེད་པ། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་རྒྱུས་ལོན་གསལ་བོ་བྱེད་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་བཟོ་བ་ཁྲི་ཕྲག་མང་པོར་མཐུན་སྒྲིལ་དང་སྐུལ་སློང་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཐད་འབད་འཐབ་ལྷོད་མེད་བྱེད་དགོས། རྣམ་པ་མང་བའི་སློབ་སྦྱོང་བྱེད་སྟངས་བརྒྱུད་དེ། དུས་ཐོག་ཏུ་རྗེས་འདེད་སློབ་སྦྱོང་བྱེད་པ་དང་ཁྱོན་ཡོངས་ནས་སློབ་སྦྱོང་བྱེད་པ། བསམ་གཞིགས་ཞིབ་མོ་བཏང་ནས་སློབ་སྦྱོང་བྱེད་པ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་པ། ཚད་གཞིར་དམིགས་ནས་སློབ་སྦྱོང་བྱེད་པ། དགོངས་དོན་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་ངོ་བོ་ཁོང་དུ་ཆུད་པར་བྱེད་པ། སྙིང་བཅུད་དམ་འཛིན་བྱེད་པ། མིག་དཔེ་དང་དཔེ་སྟོན་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་སྲོག་ཤིང་ནང་དོན་དང་ལག་ལེན་རེ་བར་རྒྱུས་ལོན་ཡང་དག་བྱེད་པ་དང་། སྤྱི་ཡོངས་གཉིས་ཁོང་དུ་ཆུད་པར་བྱེད་པ། རྒྱལ་ཁབ་ཀྱི་དོན་དག་གལ་ཆེན་ཡིད་ལ་དམ་པོར་འཛིན་པ། བྱ་བར་འཆར་འགོད་བྱེད་པ། འཕེལ་རྒྱས་གསར་གཏོད་བྱས་ཏེ། གྲུབ་འབྲས་བཟང་པོས་ཏང་གི་གྲོས་ཚོགས་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།