མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་སྣེ་ཤན་ལས་རིགས་དང་ཡུལ་སྐོར་ཚོང་རའི་སྣང་ཚུལ་མི་བཟང་བ་བཅོས་སྐྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་ཟི་ལིང་ནས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་དང་ཡུལ་སྐོར་ཚོང་རའི་སྣང་ཚུལ་མི་བཟང་བ་བཅོས་སྐྱོང་བྱེད་པའི་སྐུལ་སློང་བཀོད་སྒྲིག་བརྙན་རིས་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་བྱས།

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ་ད་ང། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ནས། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་བསྡུས་བཅོས་སྐྱོང་དམ་འཛིན་བྱེད་པའི་རང་འགུལ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། དམིགས་འབེན་རེ་བ་གཏན་ཁེལ་གསལ་བོ་བྱེད་པ་དང་། བཅོས་སྐྱོང་གི་རང་རྟོགས་རང་བཞིན་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་བ་དང་ཚད་ལྡན་དུ་གཏོང་དགོས། རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཚོང་རའི་བཅོས་སྐྱོང་བྱ་བའི་ཕན་འབྲས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། མཚོ་སྔོན་ཡུལ་སྐོར་གྱི་དགེ་མཚན་རང་བཞིན་ཁྱོན་ཡོངས་ནས་ངོམ་དགོས།

ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། མཚོ་སྔོན་ཡུལ་སྐོར་ལས་རིགས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། ཧུར་ཐག་གིས་སྔར་ལས་ཕུན་སུམ་ཚོགས་པ་དང་སྔར་ལས་སྤུས་ལེགས་ཀྱི་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་འདོན་སྤྲོད་བྱེད་པ། རིག་གནས་ཡུལ་སྐོར་ཚོང་རའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱས་ཏེ། ཡུལ་སྐོར་བ་ནང་འགུག་བྱེད་དགོས། བཅོས་སྐྱོང་བྱ་བ་དང་ད་ལྟ་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཉིས་ཟུང་འབྲེལ་བྱེད་པ་དང་། ཚོང་རའི་སྣང་ཚུལ་མི་བཟང་བ་ཐག་གཅོད་རྒྱུ་དེ་བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་ལག་ལེན་དངོས་ལ་བརྩིས་ཏེ། ཡུལ་སྐོར་བ་སྔར་ལས་མང་པོས་རང་ཞིང་གི་ཡུལ་སྐོར་འཕེལ་རྒྱས་ཐད་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་ཐུབ་པར་བྱེད་པ་དང་། གྲུབ་འབྲས་བཟང་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྡུ་བར་བསུ་མ་བྱེད་དགོས།

དབྱང་ཧྥིན་ཁྲུན་གྱིས། བསམ་བློ་གཅིག་གྱུར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུ་བ་དང་། འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་མཉམ་ལས་གྲུབ་པར་བྱེད་པ། གནད་དོན་ལ་དོ་སྣང་བྱེད་པ་དང་རྩ་ལག་མཉམ་བཅོས་བྱེད་པ། ཡུལ་སྐོར་ཚོང་རའི་ཁོར་ཡུག་དག་གཙང་ཡོང་བར་བྱས་ནས། རང་ཞིང་གི་ཡུལ་སྐོར་ཚོང་རའི་སྒྲིག་ལམ་བདེ་ཐང་དང་བརྟན་བརླིང་། གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།