ཟི་ལིང་གྲོང་ཁྱེར་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི(རྒྱ་བསྐྱེད)གྲོས་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥིན་གྱིས་མགོ་འཛིན་བྱས། 

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི“བརྒྱ་ལོ་གཉིས”ཀྱི་འབད་བརྩོན་དམིགས་འབེན་འབྲེལ་མཚམས་སུ་བསྡུས་པའི་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་ཤིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱིས་གྲོས་འཆམ་བྱུང་བའི《གྲོས་ཆོད》ལས། འདས་པའི་ང་ཚོས་ཅིའི་ཕྱིར་རྒྱལ་ཁ་བླངས་པ་དང་། མ་འོངས་པར་ང་ཚོས་ཅི་ལྟར་བྱས་ན་ད་གཟོད་རྒྱལ་ཁ་ལེན་ཐུབ་པ་གསལ་འགྲེལ་བྱས་ཤིང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་གནད་རང་བཞིན་གྱི་ཡིག་ཚང་ཞིག་དང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མི་བརྗེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་ཀྱི་སྒྲོག་གཏམ་ཞིག ལོ་རྒྱུས་ཉམས་མྱོང་དུ་བྱེད་པ་དང་མ་འོངས་གསར་སྐྲུན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་ཞེས་བསྟན། 

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་བྱེད་པ་དེ། དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། མྱུར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་དུ་འཇུག་པ་དང་། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པ་རྒྱུན་འཁྱོངས་བྱས་ཏེ་སློབ་སྦྱོང་གཏིང་ཟབ་དང་ཤེས་རྟོགས་བྱང་ཆུབ་པ་བཅས་ཀྱིས།  ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྤྱད་དེ་བསམ་བློ་གཅིག་གྱུར་དང་འདུ་ཤེས་གཅིག་གྱུར། བྱེད་སྟངས་གཅིག་གྱུར་བཅས་བྱེད་དགོས། ཏན་ཏིག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་སློབ་སྦྱོང་བྱེད་པ་དང་། གཞུང་ལུགས་ཀྱིས་དོན་དངོས་ལ་འབྲེལ་འདྲིས་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྦྱོང་བྱེད་སྟངས་དར་སྤེལ། སློབ་སྦྱོང་ནན་ཏན་དང་དྲིལ་སྒྲོག་གཏིང་ཟབ། ལག་བསྟར་དངོས་འབེབས་བཅས་ལ་སྐུལ་འདེད་གཏོང་དགོས། འཐབ་ཇུས་གཏན་ཤུགས་རྒྱུན་འཁྱོངས་དང་འཐབ་ཇུས་དམིགས་འབེན་ལ་རྩེ་གཅིག་ཏུ་གཞོལ་ཏེ། “རྒྱལ་ཁབ་ཀྱི་ལས་དོན་ཆེ་གྲས”ཡིད་ལ་དམ་པོར་བཟུང་ནས། ང་ཚོས་སྒྲུབ་བཞིན་པའི་ལས་དོན་ལ་དམ་དུ་དམིགས་ནས། དྲིན་གཟོ་ཡར་སྐུལ་དང་དཀའ་སྤྱད་སྡུག་རུས་ཀྱིས་མདུན་བསྐྱོད་བྱེད་པ་དང་། དུས་རབས་གསར་བར་བྱས་རྗེས་བཞག་ནས། དེང་རབས་དང་མཛེས་སྡུག བདེ་སྐྱིད་ཀྱི་ཟི་ལིང་ཆེན་མོ་འཛུགས་སྐྲུན་བྱེད་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།