ཞིན་ཁྲང་ཞིང་གིས་ཐུན་རིན་གྲོང་ཁྱེར་དུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་སོང་ནས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་ལ་ངེས་ཤེས་ཟབ་མོ་ཡོད་པ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་ཟུང་འབྲེལ་སྒོས། ཏན་ཏིག་གིས་སློབ་པ་དང་ཤེས་པ། ཡིད་ཆེས། བེད་སྤྱོད་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཐུན་རིན་གྲོང་ཁྱེར་ཐོ་ཀྱཱ་གྲོང་རྡལ་མཁར་ནང་སྡེ་བར། ཞིན་ཁྲང་ཞིང་གིས་གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་དང་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། རང་ཉིད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་མྱོང་ཚོར་དང་སློབ་སྦྱོང་གི་ཚོར་བ་ནས་མགོ་བརྩམས་ཏེ། ང་ཚོ་ཏང་གི་ལོ་རྒྱུས་ཀྱི་གནད་ཚིགས་གལ་ཆེན་ནང་གྲུབ་པའི་ལོ་རྒྱུས《གྲོས་ཆོད》ཀྱི་དོན་སྙིང་གལ་ཆེན་ལ་འགྲེལ་བརྗོད་བྱས་ཤིང་། གཏིང་ཟབ་པའི་སྐད་ཆས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཀློག་འགྲེལ་བྱས་པ་མ་ཟད། ཐུན་རིན་གྲོང་ཁྱེར་གྱི་གྲོང་གསེབ་དར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ། ལོ་རྒྱུས་རིག་གནས་རྒྱུན་འཛིན་སོགས་ཀྱི་བྱ་བར་ཟུང་འབྲེལ་སྒོས། གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་བྱེད་པར་སྣེ་ཁྲིད་བྱས། 

ཞིན་ཁྲང་ཞིང་གིས་བསྟན་དོན། སློབ་པ་དང་བསམ་གཞིགས། སྤྱོད་པ་བཅས་གཅིག་ཏུ་སྦྲེལ་བ་དང་། ཤེས་པ་དང་ཡིད་ཆེས། བྱེད་སྟངས་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས། “འདུ་ཤེས་བཞི”མཐོར་འདེགས་དང་།“ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོག་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་བཏང་ནས། བསམ་བློ་དང་བྱེད་སྟངས་གཉིས་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་བསྐྱོད་པ་དང་། འབད་པ་ལྷོད་མེད་ཀྱི་བརྩོན་སེམས་བརྟན་པོ་དང་ཧུར་ཐག་ལག་བསྟར་གྱི་མཐའ་འཁྱོོལ་བྱེད་སྟངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་དང་མཉམ་འབྲེལ་སྒོས་སློབ་སྦྱོང་དང་ལག་ལེན། དོན་འཁྱོལ་བཅས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱ་བསྐྱེད་ནས། ཏང་གི་ལོ་བརྒྱའི་འབད་འབུངས་ཀྱི་གོ་རིམ་ཁྲོད་མུ་མཐུད་དུ་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་གྱིས། ཏང་འཛུགས་སྐྱོང་བྱེད་པ་དེ་ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་སྣེ་ཁྲིད་དེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་སྲ་བརྟན་དང་བརྩེ་བ་ཟབ་མོས་མང་ཚོགས་ཀྱི“རེ་སྒུག་བྱེད་པའི”གནད་དོན་ཐག་གཅོད་བྱས་ནས། དུས་རབས་གསར་བའི“ཉམས་མྱོང”རྒྱུན་འཁྱོངས་འཕེལ་རྒྱས་སུ་བཏང་སྟེ། སྤྱི་ཚོགས་མུ་མཐུད་དུ་འཆམ་མཐུན་གཏན་འཇགས་ཡོང་བར་སྲུང་སྐྱོང་བྱེདཔ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།