མཚོ་སྔོན་གྱི་གྲོང་རྡལ་གཅིག་དང་སྡེ་བ་གཅིག་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་དཔེ་མཚོན་དུ་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ཡིས་དབུལ་ཐར་གྲུབ་འབྲས་ལ་རོལ་མྱོང་བྱས་ཏེ་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེེད་ཅེས་པའི་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་དཔེ་མཚོན100འོས་སྦྱོར་བྱས་ཤིང་། དེའི་ནང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ཐེན་ཅ་ཀྲའེ་གྲོང་རྡལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཤང་བདེ་སྐྱིད་སྡེ་བ་གཉིས་ཚུད་ཡོད།

རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་དཔེ་མཚོན་ནི་རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་གསེད་འདེམས་དང་གཏན་འཁེལ་བྱས་པ་ཡིན་ལ། ཐོན་ལས་མཉམ་འདྲེས་དང་ལས་སྐྲུན་ལས་ཞུགས། རིག་གནས་རྒྱུད་འཛིན། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་བཅོས་སྐྱོང་། གསར་སྐྲུན་མཐོར་འདེགས་སོགས་གཙོ་གནད་རིགས་སྣ6འདུས་ཡོད་པ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ལོ་རྒྱུས་བཞི་སློབ་སྦྱོང་རོལ་མྱོང་བྱ་འགུལ་སྤེལ་བར་སྔར་ལས་མང་བའི་གདམ་གསེས་འདོན་སྤྲོད་བྱས་པ་མ་ཟད། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་རྒྱ་བསྐྱེད་དང་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་མངོན་འགྱུར་དང་རོགས་འདེགས་བྱེད་པར་བྱེད་ནུས་གང་ལེགས་བཏོན་ཡོད། ། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།