མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཡོངས་བསྒྲགས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཏང་ཕྱིའི་མི་སྣའི་ཡོངས་བསྒྲགས་ཚོགས་འདུ་བསྡུས་ནས། ཏང་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ཁག་གི་མི་སྣར་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་གྲོས་ཚོགས་ཀྱི་དགོངས་དོན་ཡོངས་བསྒྲགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་ཁོངས་མིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ། སློབ་སྦྱོང་དང་གོ་རྟོགས་ཁྲོད་མུ་མཐུད་དུ་དད་མོས་སྐུལ་སྤེལ་དང།བློ་སྒོ་འབྱེད་པ། སྟོབས་ཤུགས་བསྡུ་ལེན་བྱས་ནས། ལག་ལེན་མཛུབ་སྟོན་དང་བྱ་བར་སྐུལ་འདེད་བཏང་། གཅིག་གྱུར་འཐབ་ཕྱོགས་ཀྱི་བྱེད་ནུས་ལ་ངེས་ཤེས་ཟབ་མོ་ཡོད་པར་བྱེད་པ་དང་། གཅིག་གྱུར་འཐབ་ཕྱོགས་གཞུང་ལུགས་ཡིད་རྟོན་མཐོར་འདེགས། སྒྲིག་སྲོལ་ཡིད་ཆེས་བཅས་མཐོར་འདེགས་སུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་ཤུགས་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོར་འདེགས་སུ་བཏང་སྟེ། “འདུ་ཤེས་བཞིཇེ་དྲག་དང་། “ཡིད་ཆེས་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས། སློབ་པ་དེ་སྤྱོད་པའི་ཐད་བཀོལ་བ་རྒྱུན་འཁྱོངས་དང་། འགན་ནུས་ལག་བསྟར་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དྲང་ནུས་གཅིག་སྒྲིལ་བྱེད་དགོས་ཞེས་བསྟན།

ལིའུ་ཐུང་ཏི། ཝང་ཞོན། ཏུའུ་ཏི་ཀྲི་ཡོངས་བསྒྲགས་ཚོགས་འདུར་ཞུགས། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་འགན་ཁུར་བ་དང་དམངས་གཉེར་དཔལ་འབྱོར། ཏང་ཁག་གང་ལའང་མི་གཏོགས་པ། མི་རིགས་ཆོས་ལུགས་ཁག་གི་འཐུས་ཚབ་པ་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།