དབྱང་ཧྥིན་ཁྲུན་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཙོ་གནད་དུ་བཟུང་ནས་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་འཆར་འགོད་བྱེད་པར་སྣེ་ཁྲིད་བྱེད་དགོས་ཞེས་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་འམ་ཞིང་ཆེན་རིག་གནས་ཡུལ་སྐོར་འཕེལ་རྒྱས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དབྱང་ཧྥིན་ཁྲུན་གྱིས་མགོ་འཛིན་བྱས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི”པའི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་ཆེད་དོན་ཚོགས་འདུ་བསྡུས་ཏེ། འཆར་འགོད་སྒྲིག་བཟོ་གནས་ཚུལ་ལ་ཉན་པ་དང་། འཆར་འགོད་ཀྱི་ནང་དོན་ལ་ཞིབ་བཤེར། ཁོངས་མི་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན། རྗེས་ཕྱོགས་ཀྱི་བྱ་བར་བརཀོད་སྒྲིག་བཅས་བྱས།

དབྱང་ཧྥིན་ཁྲུན་གྱིས་ནན་གྱིས་བསྟན་དོན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གཙོར་བཟུང་ནས། པུའུ་དང་ཞིང་ཆེན་མཉམ་སྐྲུན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་དུ་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱ་བ་འཐུས་ཚང་དུ་བཏང་ནས། ལག་ཤེས་པའི་དགོངས་དོན་དར་སྤེལ་དང་། མང་ཚོགས་ཀྱི་བློ་གྲོས་གཅིག་སྒྲིལ་བྱས་ཏེ། འཆར་འགོད་ཁྲོད་ཀྲུང་དབྱང་གི་དགོངས་དོན་ལག་ལེན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ། ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དང་མཐུན་པ། མང་ཚོགས་ཀྱི་འདོད་བློ་མངོན་པ། མཚོ་སྔོན་གྱི་ཁྱད་ཆོས་འབུར་ཐོན་ཡིན་པ། དངོས་བརྩོན་བྱེད་སྟངས་མངོན་པར་བྱེད་པ་བཅས་བྱེད་དགོས། སྙིང་སྟོབས་དར་སྤེལ་དང་ཡིད་ཆེས་བརྟན་པོས། དཀའ་བ་ཁྱད་དུ་བསད་དེ། རིམས་ནད་ཤན་ཤུགས་ཞི་ལྷོད་དུ་བཏང་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་དགོས། སྔོན་ལ་གྲ་སྒྲིག་དང་གཅིག་གྱུར་མཐུན་སྦྱོར། སང་ལོའི་བྱ་བར་འཆར་འགོད་བཅས་བྱས་ཏེ། སེམས་སུ་གྲངས་ཀ་ངེས་པ་དང་བྱ་བར་གོ་རིམ་ཡོད་པ། བྱེད་ཐབས་ལ་ཤུགས་ཡོད་པར་བྱེད་དགོས། འཆར་གཞི་མཐའ་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འཆར་འགོད་ལག་བསྟར་བྱེད་པར་ཕན་ནུས་ལྡན་པའི་སྐུལ་འདེད་དང་། ལྟ་སྐུལ་ཞིབ་བཤེར། རྒྱུགས་ལེན་དཔྱད་ཞིབ་བཅས་ཀྱི་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། འཆར་འགོད་དོན་འཁྱོལ་ཡོང་བ་དང་ཕུགས་འདུན་མངོན་འགྱུར་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།