མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཆེད་དོན་སློབ་སྦྱོང་བྱས་པ་དང་། ཏང་ཨུའི་ལས་ཁུངས་ཀྱི་སློབ་སྦྱོང་ལག་ལེན་བྱ་བ་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་གི་ལོ་བརྒྱའི་འཁྲུངས་སྐར་དུས་སྐབས་དང་། སྤྱི་ཁྱོན་གཉིས་མཉམ་སྦྲེལ།བརྒྱ་ལོ་ཅན་གཉིས་ཀྱི་འབྲེལ་མཚམས་སུ་བསྡུས་པའི་སྤྱི་ཁྱོན་རང་བཞིན་དང་རྟགས་མཚན་རང་བཞིན། ལོ་རྒྱུས་རང་བཞིན་བཅས་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཞིང་། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོང་འཕེལ་རྒྱས་སུ་གཏོང་བའི་ཆབ་སྲིད་སྒྲོག་གཏམ་དང་། ལོ་རྒྱུས་ཉམས་མྱོང་དུ་བྱེད་པ་དང་མ་འོངས་གསར་སྐྲུན། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ཕྱོགས་སྟོན་ཡིན།

གྲོས་ཚོགས་ལས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱེད་པ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་ཞིང་།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། སློབ་སྦྱོང་གི་བྱེད་ཐབས་འཆར་འགོད་དམ་ཟབ་དང་། སློབ་སྦྱོང་ལག་ལེན་གྱི་མཐོ་རླབས་ཤིག་འཕྱུར་བར་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་པར་སྐུལ་འདེད་བཏང་། སློབ་སྦྱོང་དང་བེད་སྤྱོད་གཉིས་ཟུང་འབྲེལ་རྒྱུན་འཁྱོངས་ཀྱིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་བྱེད་པ་དེ་དེང་སྐབས་སྤེལ་བཞིན་པའི་སྲིད་ཁྲིམས་དཔུང་ཁག་སློབ་གསོའི་དག་ཐེར་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ལེགས་བཅོས་དང་ཟུང་འབྲེལ་བྱས་ནས། སློབ་སྦྱོང་ཁྲོད་ངེས་ཤེས་གསར་བ་དང་ཚོར་འདུ་གསར་བ་བླངས་ཏེ། གནད་དོན་ལེགས་བཅོས་ཀྱི་བྱེ་བྲག་གི་བྱེད་སྟངས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། དུས་སྐབས་གང་དུ་ཡང“རྒྱུགས་ལེན་དུ་བྲེལ”བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་གསར་བརྗེ་དང་རང་ཉིད་མཐོར་འདེགས་སུ་གཏོང་ཕོད་དགོས། གཅིག་བསྡུས་སྒོས་ལོ་མཇུག་དང་ལོ་སྟོད་ཀྱི་གཙོ་གནད་བྱ་བ་སོ་སོ་ལེགས་པོར་སྒྲུབ་པ་དང་།རིམས་ནད་འགོག་སྡོམ་བྱ་བར་དམ་ལྷོད་མེད་པར་བྱས་ནས། རིགས་སོ་སོའི་ཉེན་ཁ་ཞི་འཇགས་སུ་བཏང་ནས། སྟོབས་ཤུགས་ཡོད་རྒུས་བདེ་འཇགས་འགན་སྲུང་དང་གཏན་འཇགས་སྲུང་སྐྱོང་། བདེ་འཇགས་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་གསར་སྐྲུན་བྱས་ཏེ། དངོས་གཉེར་བྱེད་སྟངས་དང་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།