མཚོ་སྔོན་གྱིས་འཕྲལ་བསྟུན་མཁོ་འདོན་འགན་སྲུང་རྐང་འཛིན་ཁེ་ལས117གཏན་འཁེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ11པའི་ཚེས16ཉིན་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་ནས་ཤེས་གསལ་ལྟར་ན། སྡོད་དམངས་ཀྱི་འཚོ་བའི་མཁོ་གལ་དངོས་རྫས་ཚོང་རའི་མཁོ་འདོན་དང་རིན་གོང་གཏན་འཇགས་བྱ་བ་ལེགས་པོར་སྒྲུབ་ཆེད། མཚོ་སྔོན་གྱིས་འཕྲལ་བསྟུན་མཁོ་འདོན་འགན་སྲུང་རྐང་འཛིན་ཁེ་ལས117དང་། འཕྲལ་བསྟུན་དངོས་ཟོག་འགྲེམ་གཏོང་བྱེད་ས979གཏན་འཁེལ་བྱས་ཤིང་། ནོར་ལུག་གི་ཤ་དང་ཕག་ཤ་གསོག་ཉར་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། དུས་ཆེན་དང་གཙོ་གནད་དུས་ཚིགས། འཕྲལ་བསྟུན་དགོས་མཁོའི་སྐབས་སུ། དུས་ཐོག་ཏུ་རྩ་འཛུགས་བྱས་ཏེ་ཕྱིར་གཏོང་བྱས་ནས་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་རེད།

ཉེ་དུས། རིམས་ནད་འགོག་སྡོམ་དུས་སྐབས་ཀྱི་འཚོ་བའི་དགོས་གལ་དངོས་རྫས་མཁོ་འདོན་ལ་འགན་སྲུང་བྱ་ཆེད། ཞིང་ཆེན་ཚོང་དོན་ཐིང་གིས་མྱུར་དུ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས། མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་གཅིག་བསྡུས་ལྟེ་གནས་སུ་བརྡ་འཕྲིན་མཉམ་སྤྱོད་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། ཉིན་རེར་སྔོ་ཚོད་དང་ཤ་རིགས་སོགས་འཚོ་བའི་དགོས་གལ་དངོས་རྫས་གྱི་གྲངས་ཀ་དང་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་། དུས་ཐོག་ཏུ་ཚོང་རའི་རྣམ་པར་ཉེན་བརྡ་བཏང་ནས། ཁེ་ལས་ཀྱིས་དངོས་ཁུངས་རྩ་འཛུགས་དང་སྡེབ་སྒྲིག་ཤུགས་ཚད་ཆེ་རུ་གཏོང་བར་མཐུན་སྦྱོར་བྱས་ཏེ། ཚོང་རའི་འགན་སྲུང་མཁོ་འདོན་གྲངས་ཀ་འདང་བ་དང་། རིགས་སྣ་ཕུན་ཚོགས་སུ་གཏོང་བ། རིན་གོང་གཏན་འཇགས་བཅས་ལ་འགན་སྲུང་བྱས། 

དུས་མཚུངས་སུ། རྐང་འཛིན་འཕྲལ་བསྟུན་མཁོ་འདོན་ཁེ་ལས117དང་། འཕྲལ་བསྟུན་དངོས་ཟོག་འགྲེམ་གཏོང་བྱེད་ས979གཏན་འཁེལ་བྱས་ཏེ། ཚོང་རའི་མཁོ་འདོན་ལ་ཁག་ཐེག་བྱས། དེ་ལས་གཞན། ཀན་སུའུ་དང་ཞིང་ལས་ཐོན་རྫས་མཁོ་འདོན་མཉམ་ལས་གྲོས་གཞིར་མིང་རྟགས་བཀོད་དེ། དུས་ཡུན་རིང་བོར་ཉོ་བསྡུ་ཕྱིར་འཚོང་མཉམ་ལས་ཀྱི་འབྲེལ་བ་བཙུགས།

རྒྱུས་ལོན་པ་ལྟར་ན། རྗེས་མར་རང་ཞིང་གི་ཚོང་དོན་སྡེ་ཁག་གིས་མུ་མཐུད་དུ་ཚོང་རའི་ལྟ་སྐུལ་ཚད་ལེན་ལ་ཤུགས་བསྣན་ནས་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་དམ་ཟབ་དང་། ཚོང་ཟོང་འཁོར་རྒྱུགས་ཁེ་ལས་དང་ཐོན་རྫས་མཁོ་འདོན་ཕྱིར་འཚོང་སྦྲེལ་མཐུད་ཤུགས་ཆེར་བཏང་སྟེ། དངོས་ཁུངས་རྩ་འཛུགས་དང་སྡེབ་སྒྲིག་ཤུགས་ཚད་ཆེ་རུ་གཏོང་བ་དང་། གསོག་ཉར་གྲངས་ཀ་མང་དུ་བཏང་ནས། ཚོང་རྫས་ཀྱི་རིགས་སྣ་འཛོམས་པོ་ཡོང་བར་བྱས་ཏེ། འབྲས་དང་ཕྱེ། སྣུམ། སྔོ་ཚོད། ཤ སྒོ་ང་། འོ་མ་སོགས་འཚོ་བའི་དངོས་རྫས་མཁོ་འདོན་དང་། རིན་གོང་གཏན་འཇགས་ཡོང་བར་བྱེད་རྒྱུ་དང་། ནོར་ལུག་གི་ཤ་སོགས་གསོག་ཉར་བྱ་བ་དོན་འཁྱོལ་དང་། དོན་དངོས་ཀྱི་གནས་ཚུལ་ལྟར་ཕྱིར་གཏོང་དང་ཚོང་རའི་མཁོ་འདོན་ཆེ་རུ་བཏང་ནས། མང་ཚོགས་ཀྱི་དགོས་མཁོ་བསྐོང་རྒྱུ་རེད། དུས་མཚུངས་སུ་འཛད་སྤྱོད་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། སྡེ་ཁག་གཞན་དག་དང་མཉམ་དུ་རིན་གོང་མཐོ་རུ་གཏོང་བ་དང་། ཁྲིམས་འགལ་བྱ་སྤྱོད་ལ་རྒོལ་རྡུང་བཏང་སྟེ། ཚོང་རའི་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་སྲུང་སྐྱོང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།