མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་ཁ་གསབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་ཁ་གསབ་ལས་དོན་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གྲོས་ཚོགས་སུ་ཞུགས་པ་དང་གཏམ་བཤད་གནང་། ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་འཐེན་ཁ་གསབ་ལས་དོན་སྤེལ་བ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་གཞིར་བཟུང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་བྱ་བའི་བྱ་ཐབས་ལ་ཤུགས་སྣོན་དང་སྲ་བརྟན་གྱི་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་པ་དང་དགེ་མཚན་ལྡན་པའི་ཉམས་མྱོང་ཆགས་ཡོད། མིག་སྔར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་ནས་སྤྲོ་སེམས་འཕེལ་བར་བྱས་ཏེ་ལས་དོན་བཟང་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་ཏུ་བསྟར་བ། སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་འདྲ་མཉམ་དྲང་གཞག་མཐའ་འཁྱོངས་ཀྱིས་གཏེར་ལས་དབང་ཆ་ཕྱིར་འཐེན་གྱི་ལས་འགན་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། ཡུལ་བབ་དང་བསྟུན་པ་དང་བསྡུ་སྒྲིལ་ནུས་ལྡན་བྱེད་པར་མཐོང་ཆེན། གཏེར་ལས་དབང་ཆའི་རིགས་དབྱེའི་ཐག་གཅོད་ལས་དོན་ལ་བརྟན་འཇགས་ཀྱིས་སྐུལ་འདེད་གཏོང་བ། སྔོན་ལ་གཏན་འཁེལ་བྱེད་པའི་དམིགས་ཚད་སྤུས་ཚད་མཐོ་པོའི་སྒོ་ནས་ལེགས་སྒྲུབ་བཅས་བྱེད་དགོས་པར་བསྟན།

གྲོས་ཚོགས་སྟེང་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ལས་དོན་ཁག་ལ་དམ་འཛིན་ཞིབ་ཚགས་དང་ཏན་ཏིག་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ། བྱ་ཐབས་འོས་འཚམས། བྱ་ཐབས་ནུས་ལྡན་ཡོང་བར་འགན་ལེན་བྱེད་དགོས། ས་ཁུལ་སོ་སོའི་ཁོངས་གཏོགས་ས་ཆའི་འགན་འཁྲི་གཟབ་ནན་དུ་བཏང་ནས་བྱ་བའི་ཇུས་གཞི་སྔར་བས་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ་དང་། འགན་འཁྲི་དང་ལས་འགན། དུས་བཀག་བཅས་ཀྱི་བླང་བྱ་ཁ་གསལ་བཟོས་ནས་དོན་འཁྱོལ་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། སྡེ་ཁག་སོ་སོས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང། ཆ་འཕྲིན་ཐབས་ལམ་ཤར་གཏོང་དང་། གཅིག་གྱུར་ཀྱི་ཚད་གཞི་དང་ཚད་གཞི་ལྟར་གཏེར་ལས་དབང་ཆ་ཕྱིར་འཐེན་བྱེད་པའི་ཁ་གསབ་བྱ་བར་སྐུལ་འདེད་གཏོང་དགོས། ལྗང་མདོག་གཏེར་རི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དུས་མཚུངས་གཏེར་རིའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་དོན་ལ་སྐུལ་འདེད་བཏང་ནས་རྗེས་སྙེག་ལྟ་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ“ཕྱོགས་གཉིས་དམ་འཛིན་དང་། གཉིས་ཀ་འཐུས་ཤོར་མི་ཡོང་བ། གཉིས་ཀར་སྐུལ་འདེད་ཐུབ་པ”བཅས་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།