མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་པུའུ་དོན་གྲོས་ཚོགས་དང་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས་པུའུ་དོན་གྲོས་ཚོགས་དང་རིགས་པའི་གཞུང་ལུགས་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་འཚོགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་བྱས།

གྲོས་ཚོགས་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པས། དེ་ནི་ཏང་ཡོངས་ཀྱིས་བསམ་བློ་སྔར་བས་གཅིག་གྱུར་དང་། འདུ་ཤེས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་བཏང་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེ་བའི་རྒྱལ་ཁ་གསར་པ་ལེན་པར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་པའི་ལོ་རྒྱུས་དོན་སྙིང་ལྡན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ། རྩ་འཛུགས་ལས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འཇུག་སྒོ་དང་ཤུགས་རྒྱག་སར་ནོར་བ་མེད་པའི་སྒོ་ནས་འཚོལ་ཐུབ་པ་བྱེད་དགོས། མགྱོགས་མྱུར་གྱིས་སློབ་སྦྱོང་གི་ཚ་རླབས་འཕྱུར་བ་བྱས་ནས་མ་ཡིག་ནན་ཏན་ངང་ཀློག་པ་དང་རྩ་བའི་རིགས་པ་ཤེས་རྟོགས་དང་ཁོང་དུ་ཆུད་པ། དོན་འཁྱོལ་ཏན་ཏིག་བཅས་ཐུབ་པ་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཏང་གི་སློབ་གྲྭ(སྲིད་འཛིན་སློབ་གླིང་)དང་། ལས་བྱེད་པའི་སློབ་གླིང་། རིགས་སོ་སོའི་ཏང་གཤིས་སློབ་གསོའི་རྟེན་གཞིའི་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་དུ་རྩིས་ནས་ལས་བྱེད་པར་རེས་སྐོར་གསོ་སྦྱོང་དང་རིམ་དབྱེ་རིགས་དབྱེའི་གསོ་སྦྱོང་དུས་ཐོག་ཏུ་སྤེལ་དགོས་པའི་ངོས་འཛིན་གནང་།

གྲོས་ཚོགས་སྟེང་གཞི་རིམ་གྱི་ཕྱོགས་སྟོན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་དེ་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་འགན་གལ་ཆེན་ནང་མཉམ་འདྲེས་ཐུབ་པ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། ཆབ་སྲིད་ཀྱི་ཚད་གཞི་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་མི་སྣ་འདེམས་སྤྱོད་བྱེད་པ་དང་། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་དགོས། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་ཀྱིས་ཤེས་ལྡན་མི་སྣ་ནང་འདྲེན་དང་། གསོ་སྐྱོང་། བཀོལ་སྤྱོད། གདེང་འཇོག སྐོར་སྐྱོད། སྐུལ་ལྕག་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞིང་ཆེན་རིམ་པའི་ཏང་ཨུའི་སྐབས་བརྗེ་བྱ་བར་རྟོག་ཞིབ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ལ་གྲ་སྒྲིག ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སོགས་མིག་སྔའི་ལས་དོན་སོ་སོ་དང་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་སུ་དོན་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།