《དྲ་འཕྲིན་མ་ལག་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལོ་ལྔའི་འཆར་འགོད་ཨང་བརྒྱད་པ(2021—2025ལོར)》དཔར་འགྲེམ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས《དྲ་འཕྲིན་མ་ལག་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལོ་ལྔའི་འཆར་འགོད་ཨང་བརྒྱད་པ(2021—2025ལོར)》(གཤམ་དུ《འཆར་འགོད》ཅེས་བསྡུས་ཡོད)དཔར་འགྲེམ་བྱས་ཏེ། དྲ་འཕྲིན་མ་ལག་གི“བརྒྱད་ལྔ”ཁྲིམས་ལུགས་ཁྱབ་གདལ་བྱ་བར་བཀོད་སྒྲིག་བྱས།

《འཆར་འགོད》ལས2025ལོར་བསླེབ་དུས། དྲ་རྒྱའི་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་མཐུན་སྦྱོར་ལམ་ལུགས་སྔར་ལས་འཐུས་ཚང་ཡིན་ཞིང་། དྲ་རྒྱའི་ཁྲིམས་ལུགས་ཁྱབ་གདལ་བྱ་བའི་གནས་བབ་ཆེན་པོ་ཡོངས་སུ་གྲུབ་རྒྱུ་ཡིན་པ་དང་། དྲ་རྒྱའི་ཁྲིམས་ལུགས་ཁྱབ་གདལ་གྱི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས། དྲ་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་དང་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་སྒོས་ཇེ་དྲག་ཏུ་གྱུར་ནས། གཞོན་ནུ་དང་ལོ་ཆུང་དྲ་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ་རྒྱུ་དང་། དྲ་རྒྱའི་སྟེགས་བུའི་གཙོ་གཞི་འགན་འཁྲི་དང་ལས་རིགས་རང་གཅུན་ཕན་འབྲས་ལྡན་པར་དོན་འཁྱོལ་བྱས་ནས་དྲ་རྒྱའི་བཅོས་སྐྱོང་ཕན་ནུས་དང་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གསར་བ་མངོན་འགྱུར་བྱ་ཐུབ་ལ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གྱུར་ནས། དྲ་རྒྱའི་བར་སྟོང་ཁྲིམས་སྐྱོང་ནན་ཏན་གྱི་རང་རྟོགས་རང་བཞིན་དང་ཧུར་སེམས། རང་འགུལ་རང་བཞིན་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས། དྲ་རྒྱ་ཡོངས་ཀྱི་ཁྲིམས་བཀུར་དང་ཁྲིམས་སྐྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་སྔར་ལས་ལེགས་པ་དང་། དྲ་རྒྱའི་ཁྲིམས་སྐྱོང་དེ་སྤྱི་ཚོགས་ངོས་འཛིན་གཅིག་མཐུན་གྱི་གཞི་རྩའི་ཚད་གཞི་རུ་གྱུར་ནས། རྒྱ་ཆེའི་དྲ་དམངས་ཀྱིས་འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས་ཁྲོད་སྔར་ལས་ལྷག་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ལོངས་སུ་སྤྱོད་ཐུབ་རྒྱུ་ཡིན་པར་བཏོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།