ཟི་ལིང་རླངས་འཁོར་འབབ་ཚུགས་ཀྱིས་དེ་རིང་ནས་བཟུང་འགྲུལ་སྐྱེལ་ལམ་ཐིགའདི་དག་སླར་གསོ་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་འབབ་ཚུགས་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་གསལ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་རིམས་འགོག་ཚོད་འཛིན་གནས་བབ་སྔར་ལས་ཇེ་ལེགས་སུ་ཕྱིན་པ་དང་ལྷན་དུ། མི་དམངས་མང་ཚོགས་ཀྱི་འགྲོ་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། ཟི་ལིང་རླངས་འཁོར་འབབ་ཚུགས་ཀྱིས་ཟླ11པའི་ཚེས17ཉིན་རྒྱུན་གཏན་འགྲུལ་སྐྱེལ་ལམ་ཐིག7སླར་གསོ་བྱ་རྒྱུ་རེད།    

ཤེས་གསལ་ལྟར་ན། ད་ཐེངས་སླར་གསོ་བྱས་པའི་འགྲུལ་སྐྱེལ་ལམ་ཐིག་དེ་དག་ནི་ནུབ་མཚོ་དང་ཏུའུ་ལན། ཞིང་སྡེ། ཞོན་ཧྭ(མཐོ་འགྲུལ)རེབ་གོང(མཐོ་འགྲུལ)ཧོང་ཡོན(མཐོ་འགྲུལ) ཧུའུ་ཀྲུའུ(མཐོ་འགྲུལ)བཅས་རེད། རིམས་ནད་བྱུང་བའི་རིང་། འགྲུལ་སྐྱེལ་ལམ་ཐིག་སོ་སོའི་འཁོར་གཏོང་ཞིབ་ཕྲའི་དུས་ཚོད་ག་དུས་ཡིན་པ་རླངས་འཁོར་འབབ་ཚུགས་ལ་ཁ་པར་རྒྱག་དགོས།  ཟི་ལིང་རླངས་འཁོར་འབབ་ཚུགས་ཀྱི་ཁོངས་གཏོགས་འགྲུལ་སྐྱེལ་ལྟེ་བའི་འབབ་ཚིགས་དང་། ཞིན་ཉིང་ལམ་འགྲུལ་སྐྱེལ་འབབ་ཚིགས། ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་འབབ་ཚིགས་བཅས་སུ་རླངས་འཁོར་ལ་འདུག་མཁན་གྱི་འགྲུལ་པ་ཚང་མས“ཨང་བཤེར་གཉིས”སྟོན་དགོས་པ་དང་། དངོས་མིང་ཐོག་ནས་ཐོ་འགོད་བྱེད་པ། ལུས་དྲོད་འཇལ་པ། བརྒྱུད་རིམ་ཧྲིལ་པོར་ཡང་དག་པའི་སྒོ་ནས་ཁ་ཐུམ་རྒྱག་པ་བཅས་བྱེད་དགོས། འབབ་ཚུགས་ནས་གྲལ་སྒྲིག་སྟེ་པ་སེ་ཉོ་བ་དང་། རླངས་འཁོར་ལ་སྒུག་སྐབས་སྨི1གི་བར་ཐག་འཇོག་དགོས། རླངས་འཁོར་འབབ་ཚུགས་ཀྱིས་འབབ་ཚུགས་དང་རླངས་འཁོར་གྱི་དུག་སེལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རིམས་ནད་རིང་། ལྷག་པར་དུ་འགྲུལ་པ་རྣམས་ལ་ཕྱི་ལ་འགྲོ་སྐབས་རླངས་འཁོར་ཚད་ལྡན་ལ་འདུག་པ་དང་། འབབ་ཚུགས་ཕྱི་རོལ་ནས་རླངས་འཁོར་ལ་མི་འདུག་པ། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པའི་དྲན་སྐུལ་གནང་ཡོད། །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།