མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་བརྙན་འཕྲིན་ཁ་པར་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི(རྒྱ་བསྐྱེད)གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་དང་དྲིལ་སྒྲོག་སློབ་སྦྱོང་ལག་ལེན་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། 

ཀྲའོ་ཡུའེ་ཞ་ཡིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི“བརྒྱ་ལོ་གཉིས”ཀྱི་འབད་བརྩོན་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་བསྡུས་པའི་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དྲིལ་སྒྲོག་བྱེད་པ་ནི། དེང་སྐབས་དང་རྗེས་ཕྱོགས་དུས་སྐབས་ཤིག་གི་བསམ་བློའི་འཐབ་ཕྱོགས་དྲིལ་སྒྲོག་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཁྱོན་ཡོངས་ནས་ལོ་བརྒྱའི་འབད་བརྩོན་གྱི་རླབས་ཆེའི་གྲུབ་འབྲས་དང་རླབས་ཆེའི་དོན་སྙིང་དང་ཉམས་མྱོང་ལ་གོ་བ་གཏིང་ཟབ་དང་ཁོང་དུ་ཆུད་པར་བྱས་ཏེ། མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སློབ་པ་དང་། ཇི་མ་ཇི་བཞིན་དུ་སློབ་པ། ཚིག་རེ་རེ་བཞིན་སློབ་པ། དངོས་ཡོད་ལ་འབྲེལ་ཏེ་སློབ་པ། དོན་སྙིང་ཡང་དག་པར་སློབ་པ་བཅས་རྒྱུན་འཁྱོངས་བྱས་ནས། དགོངས་དོན་རྟོགས་པ་དང་།ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཕུགས་འདུན་ཇེ་བརྟན་དུ་གཏོང་བར་བསྒྱུར་བ་དང་། ལས་གཉེར་རྒྱུན་འཁྱོངས་དང་རྩལ་ནུས་སྦྱོང་བརྡར་གྱི་བྱེད་སྟངས་སུ་བསྒྱུར་བར་བྱེད་དགོས་ཞེས་བསྟན། 

ཀྲའོ་ཡུའེ་ཞ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་ཆབ་སྲིད་རང་འགུལ་དང་བསམ་བློ་རང་འགུལ། འགུལ་སྐྱོད་རང་འགུལ་བཅས་ཀྱིས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། གཞུང་ལུགས་སློབ་སྦྱོང་དང་སྨྱན་བྱད་དྲིལ་སྒྲོག གཅིག་བསྡུས་སྒྲོག་བཤད། སྤྱི་ཚོགས་དྲིལ་སྒྲོག རིག་རྩལ་དྲིལ་སྒྲོག ཕྱི་ཕྱོགས་མཚམས་སྦྱོར་སོགས་ཀྱི་ལས་དོན་སྣ་ཚོགས་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་མཐོ་རླབས་འཕྱུར་བར་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་རེ་རེ་དང་མི་རེ་རེར་ཤེས་རྟོགས་བྱེད་དུ་འཇུག་དགོས། བྱ་བའི་གཅིག་གྱུར་ལ་ཤུགས་བསྣན་ཏེ་ཁྱོན་ཡོངས་ནས་ལེགས་སྒྲིག་དང་མི་འདང་ས་ཁ་གསབ་བྱེད་པ་དང་། བསམ་ཕྱོགས་རྒྱ་བསྐྱེད་ནས་སྤུས་ཚད་མཐོ་བའི་སྒོ་ནས་ད་ལོའི་མཇུག་བསྡུའི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཏན་ཏིག་གིས་སང་ལོའི་བྱ་བར་འཆར་འགོད་ལེགས་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དོན་འཁྱོལ་བྱེེད་པར་བསམ་བློའི་ཁག་ཐེག་དང་གླེང་ཕྱོགས་རྒྱབ་སྐྱོར་བྱེད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།