ཁོང་ཡུང་གིས་འཁྱགས་སྦྲེལ་ཟོག་འགྲེམས་དང་མྱུར་སྐྱེལ་ལས་རིགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་འཁྱགས་སྦྲེལ་ཟས་རིགས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་མཛོད་ཁང་དང་། མཚོ་སྔོན་ཧྲིན་ཧྥུན་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་དབྱེ་འབྱེད་ལྟེ་གནས། མཚོ་སྔོན་ཡུན་ཏ་མྱུར་སྐྱེལ་ཚད་ཡོད་ཀུང་སིའི་ཡན་ལག་ལྟེ་གནས་བཅས་སུ་ཕྱིན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས།

ཁོང་ཡུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་མཐའ་གཅིག་ཏུ་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་གཞིར་བཟུང་། ནན་ཏན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བཟང་པོ་བྱས་ནས། མཐའ་གཅིག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒོ་སྲུང་དགོས། ནང་འདྲེན་འཁྱགས་སྦྲེལ་སྐྱེལ་འདྲེན་དང་མྱུར་སྐྱེལ་ཁེ་ལས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་འགན་ལེན་དང་། ལས་དོན་མི་སྣར་སྔོན་འགོག་ཚོད་འཛིན་གསོ་སྦྱོང་། ཁུལ་དབྱེ་བཀག་སྡོམ་དོ་དམ། ཉིང་སྐྱུར་བརྟག་དཔྱད་འདེམས་བཤེར། རང་ཉིད་འགོག་སྲུང་བཅས་བཟང་པོ་བྱེད་པ། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་དུག་སེལ་དང་། བརྟག་དཔྱད་ཚད་ལེན། འདོན་འཇུག་བཅས་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པར་དམ་པོར་དམིགས་པ། དངོས་ཟོག་དང་ཁོར་ཡུག་ལ་ཐེངས་མང་པོར་བརྟག་དཔྱད་དང་ལེན་བྱེད་པར་ཤུགས་སྣོན། མྱུར་སྐྱེལ་ཞབས་ཞུའི་ཚད་གཞི་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་དངོས་ཟོག་ཚང་མ་བརྒྱུད་རིམ་ཧྲིལ་པོར་ཁུངས་འདེད་ཆོག་པར་ནུས་ལྡན་ངང་འགན་ལེན་བྱས་ཏེ་རྒྱ་ཆེའི་འཛད་སྤྱོད་པ་བློ་བདེ་རུ་འཇུག་དགོས། ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་ཁེ་ལས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བཟང་པོ་བྱེད་པར་ལྟ་སྐུལ་མཛུབ་ཁྲིད་བྱེད་དགོས། ས་གནས་སྲིད་གཞུང་གིས་རྩ་འཛུགས་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་བཀོད་སྒྲིག་ལ་ཤུགས་བསྣན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ཡོལ་འཛུགས་སྐྲུན་བརྟན་པོ་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།