ཟི་ལིང་གི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་རིམས་ནད་སྔོན་འགོག་དང་བཅོས་སྐྱོབ་བྱ་བར་རམ་འདེགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས8ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། རེས་སྐོར་འདིའི་རིམས་ནད་བྱུང་བ་ནས་བཟུང་།《པྲོག་གསར་ནད་དུག་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི་གསར་པ(པར་གཞི་བརྒྱད་པ)》སོགས་ཀྱི་བླང་བྱ་ལྟར། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཆེད་མཁས་པའི་མཛུབ་ཁྲིད་འོག ཟི་ལིང་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱེད་པར་ཁྱད་ལྡན་ལེགས་ཆ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་རམ་འདེགས་བྱས།

ཟི་ལིང་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ད་དུང་ཀྲུང་ལུགས་གསོ་རིག་ཆད་མཁས་པའི་སྐོར་ཞིབ་ཚན་ཆུང་བཙུགས་ནས། དུས་ཚོད་གཏན་འཁེལ་གྱིས་ལོགས་བཀར་བྱ་ཡུལ་དང་འཛིན་སྡོམ་སྡེ་ཁུལ་སོ་སོ་རུ་སོང་ནས་ཀྲུང་ལུགས་སྨན་ཐང་འཐུང་བའི་མི་སྣར་རྗེས་འདེད་འཚམས་འདྲི་དང་། ཀྲུང་ལུགས་སྨན་ཐང་འཐུང་རྗེས་ཀྱི་ཚོར་བ་དང་སེམས་ཁམས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། བསྡོམས་པས་མི་ཐེངས48270ལྷག་ལ་སྐོར་ཞིབ་སྨན་བཅོས་བྱས་ནས། ཀྲུང་ལུགས་གསོ་རིག་གི་སྔོན་འགོག་བྱ་བར་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།