འབྲི་ཆུའི་མགོ་ཁུངས་གངས་རིའི་བར་གསེང་དུ། ཆུ་རྒྱུན་ཁྲི་མ་འབུམ་ནི་དལ་གྱིས་འབབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་སུ། འབྲི་ཆུའི་མགོ་ཁུངས་ཏེ་མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་ཀྱི་གདང་ལ་རི་བོའི་གངས་རི་སྐུ་ལྷ་མདའ་མདུང་གི་འཁྱགས་ཀླུང་ནི་འཛམ་གླིང་གི་སྣེ་གསུམ་པའི་ཉི་འོད་འོག་བརྗིད་ཆགས་པར་གནས་ཡོད། དགུང་ལ་ཟུག་པའི་གངས་རིའི་བར་གསེང་དུ། ཆུ་ཕྲན་ཆེ་མ་ཆུང་གསུམ་ནི་དལ་གྱིས་འབབ་བཞིན་ཡོད།

 ཟླ་དྲུག་པར་ཁ་བ་དང་ཟླ་བདུན་པར་དར་ཁ། ཟླ་བརྒྱད་པར་འཁྱགས་ཀླུང་། ཟླ་དགུ་བར་དགུན་ཁ། གཞན་ཡང་དུས་ཚིགས་བཞི་ལ་དྲག་རླུང་གིས་གཙེས་ཡོང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འབྲི་ཆུའི་མགོ་ཁུངས་སུ་བསྐྱོད་དུས། རྣ་རྒྱབ་ཏུ་ལྷག་རླུང་གིས་དེད་ནས་མིག་མདུན་དུ་ཁ་བས་གཡོགས་དུས་གདང་ལ་རི་བོའི་རྔམ་བརྗིད་ཀྱི་ཟིལ་ཤུགས་ཀྱང་དེ་ལྟར་རྒྱང་རིང་དུ་འཕྲོགས་འགྲོ།

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་མགོ་ཁུངས་ནི་ཆུ་དམར་ཆུ་བོ་དང་ཐའོ་ཐའོ་གཙང་བོ། ཐུང་ཐེན་ཆུ་བོ་བཅས་ཀྱི་ཁྱབ་ཁོངས་བཅས་ནི་གྲུབ་ཆ་གཙོ་བོ་ཡིན་ཞིང་། དེར་འབྲི་ཆུའི་མགོ་ཁུངས་ཀྱི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆུ་དམར་ཆུ་བོའི་སྲུང་སྐྱོང་ཡན་ལག་ཁུལ་བཅས་འདུས་ཡོད། ཁྱད་དུ་འཕགས་པའི་ས་གཤིས་ཁོར་ཡུག་གིས་ཕུན་སུམ་ཚོགས་པོའི་ཆུའི་ཐོན་ཁུངས་གསོ་སྐྱོང་བྱས་ཡོད་ལ། ས་ཁོངས་སུ་ཆུ་བོ་མང་ཞིང་དེ་དག་ནི་ཕན་ཚུན་བསྣོལ་ནས་དྲ་བ་བཞིན་ཆགས་ཡོད། 2014ལོར་བསྡོམས་རྩིས་བྱས་པ་ལྟར་ན། འབྲི་ཆུའི་མགོ་ཁུངས་སུ་བསྡོམས་པས་འཁྱགས་ཀླུང429ཡོད་ལ། འཁྱགས་ཀླུང་གི་གསོག་ཚད་ནི་སྟོང་སྨི་རྒྱ་དཔངས་གྲུ་བཞི་མ71.33ཡོད་པ་དང་། དེ་དག་ནི་མཚེའུ་མང་པོ་དང་འབྲི་ཆུའི་ཆུ་དམར་ཆུ་བོ་དང་འདམ་ཆུ་སོགས་ཀྱི་ཆུ་ཁུངས་གཙོ་བོ་ཡིན། །

1.jpg

གདང་ལ་རི་བོའི་སྐུ་ལྷ་མདའ་མདུང་གངས་རི།

2.jpg

གངས་རི་སྐུ་ལྷ་མདའ་མདུང་།

3.jpg

འབྲི་ཆུའི་མགོ་ཁུངས་ཀྱི་གངས་རིའི་བར་གསེང་གི་ཆུ་རྒྱུན།

4.jpg

འབྲི་ཆུའི་མགོ་ཁུངས་ཀྱི་གངས་རིའི་བར་གསེང་གི་ཆུ་རྒྱུན།

5.jpg

གདང་ལ་རི་བོ།

6.jpg

འབྲི་ཆུའི་མགོ་ཁུངས་ཁུལ།

7.jpg

གདང་ལ་རི་བོ།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།