མཚོ་སྔོན་ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོ་དང་གྲོང་ཁྱེར་དང་ཁུལ་སོ་སོས་ཟི་ལིང་ལ“རིམས་ནད་སྔོན་འགོག”བྱེད་རོགས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ཉིན་ནས་ཟླ11པའི་ཚེས4ཉིན་བར། མཚོ་སྔོན་ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོ་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་མ་དངུལ་དང་དངོས་རྫས། ལག་རྩལ། མི་སྣ་སོགས་ཀྱི་ཐད་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་ནས། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཐུན་མོང་སྒོས་རོགས་རམ་བྱས།

ཤེས་གསལ་བྱུང་བ་ལྟར་ན། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་མྱུར་དུ་ཟི་ལིང་གྲོང་ཁྱེར་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྲོན་དངུལ་སྒོར་ཁྲི2000སྤྲད་དེ་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་མི་སྣ604ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་ཞིང་ཆེན་ས་ཁུལ་གྱི་རིམས་ནད་སྔོན་འགོག་སུའོ་ལ་ཁོར་ཡུག་དུག་གསོད་མི་སྣ12དང་། མཆེད་རིམས་རྟོག་དཔྱོད་ཆེད་ལས་མི་སྣ38བཅས་སྐོང་འཐེན་བྱས་ནས། ཟི་ལིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས། ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་ལ་རིམས་ནད་སྔོན་འགོག་དང་། འགོག་སྨན། ཀྲུང་ལུགས་སྨན་རྫས་རླངས་བཙོས་སྨན་རྫས་སོགས་རིམས་འགོག་སྨན་རྫས་སྒམ100ལྷག་རྩ་འཛུགས་བྱས་ནས་ཟི་ལིང་དུ་རོགས་སྐྱོར་བྱས། མཚོ་ཤར་གྲོང་ཁྱེར་གྱིས་འཕྲལ་མར་སྨན་བཅོས་མི་སྣ400རྩ་འཛུགས་བྱས་ཏེ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པར་རྒྱབ་སྐྱོར་བྱས་པ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐམ་ཤ་ཏུན5མཁོ་སྤྲོད་བྱས་པ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་མཚན་མོ་དེར་སྨན་བཅོས་འགོག་སྲུང་ཁ་ཐུམ་ཁྲི100དང་རིན་ཐང་སྒོར་ཁྲི30ཡི་སྐམ་ཤ་དང་ལུག་ཤ་བསྡུས་ནས་ཟི་ལིང་དུ་རོགས་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།