ལི་ཧུང་ཡས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས3ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པའམ་སྤྱི་བདེ་ཐིང་གི་ཐིང་ཀྲང་ལི་ཧུང་ཡ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དབྱིན་ཏིའར་མགྲོན་ཁང་གི་གཅིག་སྡུད་ལོགས་བཀར་བྱ་ཡུལ་དང་། མཁར་བྱང་ཁུལ་ཞའོ་ཆའོ་སྨན་ཁང་གི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས། མཁར་ནུབ་ཁུལ་ཞིན་ཧའེ་ལམ་ཤར་སྒོའི་སྔོན་འགོག་ཚོད་འཛིན་ས་ཚིགས་བཅས་སུ་ཕྱིན་ནས་ཡུལ་དངོས་སུ་བརྟན་བརླིང་སྲུང་སྐྱོང་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད། འཐབ་ས་དང་པོའི་དམངས་རོགས་ཉེན་རྟོག་པར་འཚམས་འདྲི་བྱས།

ལི་ཧུང་ཡས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་རྒྱུན་རྣམ་ཅན་དུ་གྱུར་བ་ནས་བཟུང་བའི་ཛ་དྲག་གི་འགྲན་སློང་ལ་ཁ་གཏད་ནས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་དམངས་རོགས་ཉེན་རྟོག་པས་རིམ་པ་སོ་སོའི་ཏང་ཨུ་སྲིད་གཞུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་བླང་བྱར་ནན་གྱིས་གཞིགས་ནས། “བརྗོད་དོན་གཙོ་བོ”དམིགས་ནས་མགྱོགས་མྱུར་སྒོས་དམག་འཐབ་ནང་ཞུགས་པ་དང་། “འགན་འཁྲི་གཙོ་བོར”དམིགས་ནས་སྔོན་འགོག་ཚོད་འཛིན་དྲ་རྒྱ་དམ་འཛིན། “གཙོ་ལམ”ལ་དམིགས་ནས་སྒྲིག་ལམ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། “གཙོ་ཤུགས”ལ་དམིགས་ནས་འགན་སྲུང་གི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་བྱེད་པ། “གཙོ་གཞིར”དམིགས་ནས་འགག་སྒྲོལ་གྱི་སྒུལ་ཤུགས་འཕེལ་བ་བཅས་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་ལངས་ཕྱོགས་འགན་འཁྲིར་བརྟེན་ནས་རང་འགན་གཙང་སྒྲུབ་དང་། རང་དོན་རྒྱབ་སྐྱུར་གྱིས་བྱས་རྗེས་འཇོག་པ། ཕྱིར་བཤོལ་མི་བྱེད་པ། ཉེན་ཁར་གདོང་གཏོད་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཆེད་བདེ་འཇགས་བརྟན་བརླིང་གི་ཁོར་ཡུག་བསྐྲུན་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།