ཕིན་ཨན་ཆུས་ཀྱི་སློབ་གྲྭ4ཡིས་དེ་རིང་སློབ་ཁྲིད་སླར་གསོ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན་གྱི་དགོང་མོར། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་སློབ་གསོ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་དང་། ནང་གྲོས་གང་ལེགས། གྲ་སྒྲིག་ཞིབ་ཚགས། སློབ་མགོ་རྩོམ་པའི་དཔྱད་ཞིབ་སོགས་ཀྱི་གོ་རིམ་རབ་དང་རིམ་པ་བརྒྱུད། མཐར་ཕིན་ཨན་ཆུས་ཀྱི་སློབ་གྲྭ་སོ་སོའི་སློབ་ཁྲིད་སླར་གསོ་བྱེད་པའི་དུས་ཚོད་གཏན་འཁེལ་བྱས་པ་དང་། ཟླ11པའི་ཚེས5ཉིན་དངོས་སུ་སློབ་གྲྭའི་སློབ་ཁྲིད་སླར་གསོ་བྱེད་པའི་ཉིན་དང་པོ་ཡིན་པ་དང་། ཉིན་དེར་སློབ་གྲྭ4ཡིས་དུས་ཚོད་མི་འདྲ་བར་བགོས་ནས་སློབ་ཁྲིད་སླར་གསོ་བྱ་རྒྱུ་རེད། 

“གནད་ཁེལ་གཅིག་དང་རེ་ཞུ་གཅིག ཞིབ་མཆན་གཅིག”བཅས་ཀྱི་རྩ་དོན་དང《མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་སློབ་གསོ་ཅུའུ་ཡི་སློབ་གྲྭའི་སློབ་ཁྲིད་སླར་གསོའི་གྲ་སྒྲིག་བྱ་བའི་དཔྱད་དཔོག་ཞིབ་སྲོལ》གཞིར་བཟུང་། ཕིན་ཨན་ཆུས་ཀྱི་སློབ་གྲྭ་སོ་སོས“གནད་འཁེལ་བཅུ་དོན་འཁྱོལ”དང“ལམ་ལུགས་དྲུག”རེ་རེ་བཞིན་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཐོན་རྫས་ཉོ་སྒྲུབ་གྲབས་གསོག་དང་། སློབ་གྲྭའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག ཟ་ཁང་དང་དེ་བཞིན་འཐུང་ཆུའི་བདེ་འཇགས་བཅས་ལེགས་སྒྲུབ་བྱས་པ་དང་། སྡེ་ཁག་དང་ཤང་གྲོང་སོ་སོའི་འཕྲོད་བསྟེན་ཁང་གིས་ཆེད་དུ་ཆེད་ལས་མི་སྣ་བདམས་ནས་སློབ་གྲྭར་མངགས་ཏེ། འཕྲོད་བསྟེན་རིམས་ནད་སྔོན་འགོག་ཁྲིད་སྟོན་དང་། དེ་བཞིན་སློབ་གྲྭས་རང་བཤེར་དང་ཆུས་རིམ་པའི་དཔྱད་དཔོག་བཅས་བྱས་པ་རེད། དཔྱད་དཔོག་སྙན་ཞུར་ཆོག་མཆན་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག  ཟླ11པའི་ཚེས5ཉིན། ཀུའུ་ཁྲིན་ཤང་ལྟེ་གནས་སློབ་གྲྭ་དང་ཧྲ་ཀུག་ཤང་ལྟེ་གནས་སློབ་གྲྭ། འབའ་གཙང་ཁོག་ཤང་ལྟེ་གནས་སློབ་གྲྭ ཧོང་ཧྲོས་ཆོན་ཤང་ལྟེ་གནས་སློབ་གྲྭ་བཅས་ཀྱི་སློབ་གྲྭ4ཡི་ལོ་རིམ་ཡོངས་དུས་ཚོད་མི་འདྲ་བར་བགོས་ནས་སློབ་ཁྲིད་སླར་གསོ་བྱེད་མགོ་རྩོམ་རྒྱུ་རེད། ཟླ11པའི་ཚེས6ཉིན། སན་ཧི་གྲོང་རྡལ་ལྟེ་གནས་སློབ་གྲྭ་དང་། སན་ཧི་གྲོང་རྡལ་སི་ཐའེ་ལྟེ་གནས་སློབ་གྲྭ། ཧྲི་ཧོས་ལྟེ་གནས་སློབ་གྲྭ་བཅས་ཀྱི་ལོ་རིམ་ཡོངས་དུས་ཚོད་མི་འདྲ་བར་བགོས་ནས་སློབ་ཁྲིད་སླར་གསོ་བྱ་རྒྱུ་རེད། ཟླ11པའི་ཚེས་8ཉིན། ཕིན་ཨན་སློབ་འབྲིང་གཉིས་པ་དང་། ཕིན་ཨན་སློབ་འབྲིང་གསུམ་པ། ཕིན་ཨན་སློབ་ཆུང་། ཕིན་ཨན་སློབ་ཆུང་དང་པོ། ཕིན་ཨན་སློབ་ཆུང་གཉིས་པ། ཕིན་ཨན་སློབ་ཆུང་གསུམ་པ། ཕིན་ཨན་གྲོང་རྡལ་ལྟེ་གནས་སློབ་གྲྭ་དང་། ཞའོ་ཞ་གྲོང་རྡལ་ལྟེ་གནས་སློབ་གྲྭའི་ལོ་རིམ་སོ་སོ་དུས་ཚོད་མི་འདྲ་བར་བགོས་ནས་སློབ་ཁྲིད་སླར་གསོ་བྱ་རྒྱུ་རེད། སློབ་ཁྲིད་སླར་གསོ་བྱེད་པའི་ཉིན་དང་པོར་སློབ་གྲྭ་སོ་སོའི་དགེ་སློབ་ཚང་མར་ཉིང་བསྐྱུར་བརྟག་དཔྱད་བྱེད་དགོས། 

ཀའོ་ཐེ་ཁུལ་གསར་སློབ་གྲྭ་དང་ཝང་ཅཱ་གྲོང་སློབ་ཆུང་གི་སློབ་ཁྲིད་སླར་གསོའི་དུས་ཚོད་ལོགས་སུ་བརྡ་སྦྱོར་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།