མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི་འམ། ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་མཛད་དེ་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། འབྲེལ་ཡོད་བྱ་བའི་ཡར་ཞུར་ཉན་ཞིང་། ཉེ་དུས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་འཇོན་མི་བྱ་བའི་གྲོས་ཚོགས་དང་རྨ་ཆུའི་འབབ་རྒྱུད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་ལ་བསམ་བློ་རང་བཞིན་དང་དམིགས་གཏད་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ལྡན་པས། ང་ཚོའི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་པར་རྩ་བའི་བརྩི་སྲུང་མཁོ་འདོན་བྱས། ང་ཚོས་སློབ་སྦྱོང་དང་གོ་རྟོགས་ཟབ་མོ་བྱས་ཏེ།གསུང་བཤད་དེ་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་གྱི་གོ་རིམ་ཧྲིལ་བོར་བརྒྱུད་ནས། དྲིལ་སྒྲོག་སྣེ་ཁྲིད་བྱ་བར་ཁ་ཕྱོགས་དགོས་པ་མ་ཟད། གཙོ་གནད་དཀའ་གནད་གནད་དོན་གྱི་གྲོས་མོལ་སྲིད་གླེང་དང་དམ་དུ་འབྲེལ་ཏེ། འཇོན་མིའི་ཞིང་ཆེན་སྟོབས་ལྡན་གྱི་འཐབ་ཇུས་སྐུལ་འདེད་དང་། སྐྱེ་ཁམས་སྲུང་སྐྱོབ་འགན་འཁྲི་དོན་འཁྱོལ་བྱེད་པར་གཅིག་མཐུན་གྱི་འདོད་བློ་ཡོད་པར་བྱེད་དགོས།

གྲོས་ཚོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་བཞི་བས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་སྐོར་ཞིབ་བསམ་འཆར་ལ་ཉན། ནན་གྱིས་བསྟན་དོན། རང་འགུལ་སྒོས་སྐོར་ཞིབ་གྱི་འབྲེལ་ཡོད་བླང་བྱར་བལྟས་ནས། ཏན་ཏིིག་གིས་སྐོར་ཞིབ་ལེགས་བཅོས་བྱེད་ཐབས་སྒྲིག་བཟོ་དང་། འགན་འཁྲི་རེ་རེ་དོན་འཁྱོལ་བྱས་ཏེ། གནད་དོན་རྩིས་ཐོ་དང་ལེགས་བཅོས་སྒྲིག་འཛུགས་བྱས་ནས། དོན་དག་རེ་རེ་བཞིན་དོན་འཁྱོལ་དང་ཕན་འབྲས་ཡོད་པར་བྱས་ཏེ། སྐོར་ཞིབ་ལན་སློག་གི་ལེགས་བཅོས་ལས་འགན་དོན་འཁྱོལ་ཡོང་བར་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དེང་སྐབས་རང་ཞིང་གི་རིམས་ནད་འགོག་བཅོས་ཚོད་འཛིན་གནས་བབ་སྔར་བཞིན་ཛ་དྲག་ཡིན་ཞིང་། ཏན་ཏིག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་། བཀོད་འདོམས་པུའུ་ཡི་རིམས་ནད་འགོག་བཅོས་ཚོད་འཛིན་སྐོར་གྱི་བླང་བྱ་བཀོད་སྒྲིག་སོ་སོ་ལག་བསྟར་དང་། འགོག་བཅོས་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། མིར་དོ་དམ་ལེགས་པོ་དང་། སྒོ་ལེགས་པོ་བཅས་སྲུང་ནས། སྲིད་གྲོས་ལས་བྱེད་པའི་ཚེ་སྲོག་བདེ་ཐང་བདེ་འཇགས་དང་ལས་ཁུངས་ནུས་མཐོའི་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་དགོངས་དོན་ལ་སློབ་སྦྱོང་བརྒྱུད་སྒྲོག་དང་།《ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་སློབ་སྦྱོང་བྱ་བར་ཤུགས་བསྣོན་དང་ལེགས་བཅོས་གཏོང་བའི་བསམ་འཆར(ཚོད་ལྟ)》ལ་གྲོས་ཞིབ་བྱས།

མགོན་པོ་བཀྲ་ཤིས་དང་ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཀྲང་ཞའོ་རོང་། ལིག་ཏ་ཡའེ་བཅས་གྲོས་ཚོགས་སུ་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།