ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས་ཤིང་། ལས་ཁུངས་ཀྱི་ལས་སྒྲུབ་མི་སྣར་འཚམས་འདྲི་བྱས། ཁོང་གིས་ནན་གྱིས་ཡིད་ཆེས་བརྟན་པོ་དང་རང་འགུལ་བྱེད་སྟངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་འཐབ་ལས་རྣམ་པར་རྒྱལ་བར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་ཡུལ་དངོས་ནས་དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ལྷན་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ལས་སྒྲུབ་བྱེད་སའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་དོན་འཁྱོལ་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། འབྲེལ་ཡོད་བྱ་བའི་གནས་ཚུལ་ཡར་ཞུར་ཉན། ཁོས་དམངས་གཙོ་ཏང་ཁག་སོ་སོ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཁྲོད་ཀྱི་འགན་འཁྲིར་ཁས་ལེན་གང་ལེགས་གནང་། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ལྷན་དང་། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དེ་དེང་སྐབས་ཀྱི་ཆེས་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས། རྒྱ་ཆེའི་ཁོངས་མི་ཚོ་ཧུར་ཐག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཞུགས་ཏེ། སྤྱི་ཚོགས་ལས་རིགས་ཁག་སོ་སོའི་ཞལ་འདེབས་དངོས་རྫས་མཐུན་སྦྱོར་དང་དོན་དངོས་བྱེད་སྟངས་ཀྱིས་རིམས་ནད་འགོག་རྒོལ་བྱ་བར་ཧུར་ཐག་གི་བྱས་རྗེས་འཇོག་དགོས་ཞེས་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་གློ་བུར་དུ་བྱུང་བའི་གསར་བྱུང་ནད་པ་ནི་རང་ཞིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་ཚོད་ཐེངས་ཤིག་ཡིན་ཞིང་། རིམས་ནད་སྔོན་འགོག་ཚོད་འཛིན་ནི་དེང་སྐབས་ཀྱི་ལས་དོན་ཆེ་ཤོས་ཡིན། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསམ་བློའི་ངེས་ཤེས་མཐོར་འདེགས་སུ་བཏང་ནས། ཏན་ཏིག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་བླང་བྱ་སོ་སོ་ལག་བསྟར་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་དམ་འཛིན་དང་། ལས་ཁུངས་ཀྱི་ལས་སྒྲུབ་མི་སྣའི་འགོག་སྲུང་བྱ་བར་སྐུལ་འདེད་གཏོང་དགོས། གཅིག་གྱུར་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་གཙོ་གནད་བྱ་བ་དག་ལེགས་པོར་སྒྲུབ་ནས། རྒྱ་ཆེའི་ཁོངས་མི་ཚོས་རང་སྟེང་གི་དགེ་མཚན་འདོན་སྤེལ་དང་། ཡང་དག་པའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་ཐད་དངོས་གཉེར་ནུས་ཕན་གྱི་བསམ་འཆར་འདོན་དགོས་ཞེས་བསྟན། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མགོན་པོ་བཀྲ་ཤིས་ཀྱིས་དམངས་གཙོའི་ཏང་ཁག་སོ་སོའི་ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རྟོག་ཞིབ་བྱས།