ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱིས་གོ་རིམ་ལྡན་པའི་ངང་ནས་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས4ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཡན་ཀྲོང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཐང་ཆེན་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ། མངའ་ཁུལ་གྱི་སྡོད་དམངས་རྣམས་ཀྱིས་གྲལ་བསྒྲིགས་ཏེ་གོ་རིམ་ལྡན་པའི་ངང་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་བཞིན་ཡོད། དེ་ལྟ་བུའི་གནས་སྐབས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་མཁར་བྱང་ཁུལ་ཚའེ་ཏ་མུ་སྲང་ལམ་གྱི་ཅིན་ཙུའུ་ཡ་ཡོན་ས་ཁུལ་དུ་བསྡོམས་པས་ས་ཚིགས10བཀོད་སྒྲིག་བྱས་ཡོད།

ཟླ11པའི་ཚེས3ཉིན། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་ཁུལ། དོགས་ཟོན་ཁུལ་ནང་ཁུལ་དུ་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་ཏེ། གྲོང་མི་ཁྲི5.8ལྷག་གིས་ཆུ་ཚོད6གི་རིང་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། བསྡོམས་པས་ཉིང་སྐྱུར་བརྟག་དཔྱག་མ་དཔེ61194བླངས་བ་དང་། བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབས་གཤིས་རེད།

རྒྱུས་ལོན་པ་ལྟར་ན། ཟླ10པའི་ཚེས17ཉིན་ནས་བཟུང་། ཟི་ལིང་ས་ཁུལ་གྱི་བསྡོམས་པས་ཉིང་སྐྱུར་བརྟག་དཔྱད་མ་དཔེ་མི1603115ལ་འཚོལ་བསྡུ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་ཁུལ། དོགས་ཟོན་ཁུལ་གཞན་དག་གིས་ཀྱང་གྲོང་ཁྱེར་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་སྔ་གཞུག་ཏུ་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་བ་རེད།  །

LOCAL202111042006000200895033726.jpgཔར་འདི་ནི་ཡན་ཀྲོང་སྡེ་བའི་གནས་སྐབས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་རེད།

LOCAL202111042006000333332585063.jpg

པར་འདི་ནི་ཡན་ཀྲོང་སྡེ་བའི་གནས་སྐབས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་རེད།

LOCAL202111042006000451874928260.jpg

པར་འདི་ནི་ཡན་ཀྲོང་སྡེ་བའི་གནས་སྐབས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་རེད།

LOCAL202111042006000575779621044.jpg

པར་འདི་ནི་སྨན་བཅོས་མི་སྣས་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་བྱེད་བཞིན་པའི་ཚུལ་རེད།

LOCAL202111042007000141724574809.jpg

པར་འདི་ནི་སྨན་བཅོས་མི་སྣས་ཉིང་སྐྱུར་བརྟག་དཔྱད་ཀྱི་མ་དཔེ་འཚོལ་བསྡུ་བྱེད་བཞིན་པའི་ཚུལ་རེད།

LOCAL202111042007000272991101538.jpg

པར་འདི་ནི་ཉིང་སྐྱུར་བརྟག་དཔྱད་ཡུལ་དངོས་སུ་ལས་དོན་མི་སྣས་དུག་སེལ་བཞིན་པའི་ཚུལ་རེད།

LOCAL202111042007000380488862645.jpg

པར་འདི་ནི་སྤྱི་བདེ་ཉེན་རྟོག་པས་སྒྲིག་ལམ་སྲུང་འཛིན་བྱེད་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།