ཟླ11པའི་ཚེས3ཉིན་ཟི་ལིང་ས་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབས་གཤིས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་རིམས་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས3ཉིན། ཟི་ལིང་གྲོང་ཁྱེར་དུ་བསྡོམས་པས་ཉིང་སྐྱུར་མ་དཔེ292526(དེའི་ཁྲོད་མཁར་བྱང་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་ཁུལ། དོགས་ཟོན་ཁུལ་བཅས་ཀྱི་སྡོད་དམངས61194ལ་ཉིང་སྐྱུར་བརྟག་དཔྱད་བྱས)འཚོལ་བསྡུ་བྱས་པ་དང་། ཉིང་སྐྱུར་མཇུག་འབྲས་ཚང་མ་སྲིབས་གཤིས་རེད།  དེ་མིན་ཟླ10པའི་ཚེས17ཉིན་ནས་བཟུང་ཟི་ལིང་ས་ཁུལ་གྱིས་བསྡོམས་པས་ཉིང་སྐྱུར་མ་དཔེ1603115བརྟག་དཔྱད་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་ཁུལ། དོགས་ཟོན་ཁུལ་བཅས་ཀྱི་ཁྱབ་ཁོངས་སུ་གྲོང་ཁྱེར་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།