ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར། (ཨང24པ)
2021ལོའི་ཟླ11པའི་ཚེས3ཉིན་གྱི་ཐོ་རེངས་སུ། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་སུ་མངོན་པའི་མི1(ཨང11པ་ལིང་ཆེ་གེ་མོ)ཇེ་མང་དུ་ཕྱིན་ཡོད། ད་ལྟ་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་སུ་མངོན་པའི་མི་འདིའི་འགྲོ་འདུག་རྗེས་ཤུལ་བརྡ་སྦྱོར་བཏང་བ་གཤམ་གསལ་ལྟར།
ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་སུ་མངོན་པའི་མི་སྣ་ཨང11པ་སྟེ། མིང་ལ་ལེང་ཆེ་གེ་མོ། མོ། ལོ31ཡིན། སྡོད་གནས་ནི་མཁར་བྱང་ཁུལ་ཁྲའོ་དབྱང་ནུབ་ལམ་ཏིན་ཨན་མིན་ཁྲིན་ཧྲན་ཅིན་གཞིས་ཁུལ་ཨང61པའི་སྟར་ཕྲེང3པའི་ཐོག་ཁང6པ་ཡིན་པ་དང་། བྱ་བ་སྒྲུབ་གནས་ནི་ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་ཡིན།
ཟླ10པའི་ཚེས20ནས21ཉིན། མོའི་ཁྱོ་གས་སྒེར་འཁོར་བཏང་ནས་རྒྱུན་ལྡན་ལྟར་ལས་ཚོགས་ལ་ཕར་སྐྱེལ་ཚུར་ལེན་བྱས་པ་དང་། ལས་ཚོགས་སྐབས་སུ་ཕྱིར་སོང་མེད།
ཟླ10པའི་ཚེས22ཉིན། མོའི་ཁྱོ་གས་སྒེར་འཁོར་བཏང་ནས་རྒྱུན་ལྡན་ལྟར་ལས་ཚོགས་ལ་ཕར་སྐྱེལ་ཚུར་ལེན་བྱས་ཤིང་། ཉིན་དེའི་ཆུ་ཚོད12ཡས་མས་སུ་ཧྥུའུ་ཞིན་ལམ་སུང་སན་མོག་མོག་ཟ་ཁང་དུ་ཟ་མ་ཟོས།
ཟླ10པའི་ཚེས23ཉིན། ཉིན་གང་བོར་ཁྱིམ་དུ་ངལ་གསོ་བྱས་ནས་ཕྱིར་སོང་མེད།
ཟླ10པའི་ཚེས24ཉིན། སྔ་དྲོར་ཁྱིམ་དུ་བསྡད་ནས་ཕྱིར་སོང་མེད་པ་དང་། ཆུ་ཚོད15དང་སྐར་མ50ཡས་མས་སུ་ཆིས་ཅཱ་སྲང་ལམ་འབབ་ཚུགས་ནས་སྤྱི་སྤྱོད་རླངས་འཁོར108ལ་བསྡད་དེ་ཞའོ་ཆའོ་བྱང་འབབ་ཚུགས་སུ་སྤྱི་སྤྱོད་རླངས་འཁོར1པོར་བརྗེ་ནས། ཞིས་མིན་འབབ་ཚུགས་ནས་བབས་རྗེས། རྐང་ཐང་དུ་ཞིས་ཏ་ཅའེ་སྣ་མང་ཚོང་ཁང་དུ་ཕྱིན་ནས་དངོས་ཟོག་ཉོས། ཆུ་ཚོད16དང་སྐར་མ45ཡས་མས་སུ་སྤྱི་སྤྱོད་རླངས་འཁོར1པོར་བསྡད་ནས་ཞའོ་ཆའོ་བྱང་འབབ་ཚུགས་ནས་བབས་རྗེས། རྐང་ཐང་དུ་མེན་པའོ་ཞིན་ཡུས་དམངས་ཕན་ཚོང་ཁང་དང་ཁྲའོ་དབྱང་ནུབ་ལམ་པེ་ཅིན་ཧྭ་ལིན་སྒོ་རྩིས་ཚོང་ཁང་དུ་ཕྱིན་ནས་དངོས་ཟོག་ཉོས། ཆུ་ཚོད17དང་སྐར་མ40ཡས་མས་སུ་ཅིན་ཀྲའེ་གཞིས་ཁུལ་འབབ་ཚུགས་ནས་སྤྱི་སྤྱོད་རླངས་འཁོར19པར་བསྡད་དེ་ཆིས་ཅཱ་སྲང་ལམ་འབབ་ཚུགས་ནས་བབས་རྗེས་ཁྱིམ་དུ་ལོག
ཟླ10པའི་ཚེས25ཉིན་གྱི་སྔ་དྲོར། མོའི་ཁྱོ་གས་སྒེར་འཁོར་བཏང་ནས་ལས་ཁུངས་སུ་བསྐྱལ་བ་དང་། དེའི་སྐབས་ཕྱི་ལ་སོང་མེད། ཆུ་ཚོད17དང་སྐར་མ20ཡི་སྟེང་ལས་གྲོགས་ཀྲང་ཆེ་གེ་མོའི་སྒེར་འཁོར་ལ་བསྡད་དེ་མིན་ཡོན་ལམ་གྱི་བཞི་མདོའི་ཞིན་ལུའུ་ཀྲོའུ་སྨན་ལས་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ནས་བབས་པ་དང་། ཆུ་ཚོད18དང་སྐར་མ02ཀྱི་སྟེང་སྤྱི་སྤྱོད་རླངས་འཁོར108ལ་བསྡད་དེ་ཁྱིམ་དུ་ལོག
ཟླ10པའི་ཚེས26ཉིན། ཆུ་ཚོད7དང་སྐར་མ10ཡས་མས་སུ་ཆིས་ཅཱ་སྲང་ལམ་འབབ་ཚུགས་ནས་སྤྱི་སྤྱོད་རླངས་འཁོར108ལ་བསྡད་དེ་ཞའོ་ཆའོ་བྱང་འབབ་ཚུགས་སུ་སྤྱི་སྤྱོད་རླངས་འཁོརK4ལ་བརྗེས་ནས། ལས་ཁུངས་སུ་ལས་ཚོགས་ལ་ཕྱིན། ཆུ་ཚོད12དང་སྐར་མ19ཡས་མས་སུ་ལས་ཁུངས་སྒོ་འགྲམ་གྱི་ཧྥུའུ་ཞིན་ལམ་སུང་སན་མོག་མོག་ཟ་ཁང་དུ་མོའི་ཁྱོ་ག་དང་མཉམ་དུ་ཟ་མ་ཟོས། ཆུ་ཚོད17དང་སྐར་མ20ཡས་མས་སུ་མོའི་ཁྱོ་གས་སྒེར་འཁོར་བཏང་ནས་ཁྱིམ་དུ་བསུས་པ་དང་། དེའི་རྗེས་ནས་ཕྱི་ལ་སོང་མེད།
ཟླ10པའི་ཚེས27ཉིན། མོའི་ཁྱོ་གས་སྒེར་འཁོར་བཏང་ནས་རྒྱུན་ལྡན་ལྟར་ལས་ཚོགས་ལ་ཕར་སྐྱེལ་ཚུར་ལེན་བྱས། ཉིན་དེའི་ཆུ་ཚོད12དང་སྐར་མ40ཡི་སྟེང་ཧྥུའུ་ཞིན་ལམ་གཞིས་ཁུལ་ཤར་མའི་ཐོའུ་ཞིས་མྱུར་སྐྱེལ་སྒོ་རྩིས་ཚོང་ཁང་གི་མྱུར་སྐྱེལ་དངོས་ཟོག་ཚབ་ལེན་ས་ཚིགས་སུ་དངོས་པོ་ལེན་པར་ཕྱིན་པ་དང་། ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག་རྗེས་ཀྱི་ཆུ་ཚོད19དང་སྐར་མ35ཡི་སྟེང་། ཏིན་ཨན་མིན་ཁྲིན་གཞིས་ཁུལ་ཉེ་འགྲམ་གྱི་ཧྥེ་ཧྥན་ཁྲོན་ཁྲོན་རྒྱ་ཁོག་ཟ་ཁང་དུ་ཟ་མ་ཟོས།
ཟླ10པའི་ཚེས28ཉིན། མོའི་ཁྱོ་གས་སྒེར་འཁོར་བཏང་ནས་རྒྱུན་ལྡན་ལྟར་ལས་ཚོགས་ལ་ཕར་སྐྱེལ་ཚུར་ལེན་བྱས། དེའི་རིང་གི་ཆུ་ཚོད9དང་སྐར་མ45ཡི་སྟེང་ནོར་དོན་ཚན་ཁག་གི་ཝང་ཆེ་གེ་མོ(ས་གནས་རང་གི་གཏན་འཁེལ་བྱས་པའི་ནད་པ་ཨང10པ)དང་དུས་ཐུང་འབྲེལ་འདྲིས་བྱས་པ་དང་། ཆུ་ཚོད12དང་སྐར་མ10ཡི་སྟེང་ཧྥུའུ་ཞིན་ལམ་སུང་སན་མོག་མོག་ཟ་ཁང་དུ་མོག་མོག་ཉོ་རུ་ཕྱིན། ཆུ་ཚོད12དང་སྐར་མ45ཡི་སྟེང་ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་ཐང་ཆེན་ཆུང་བའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ཕྱིན་ནས་བྱ་བ་བསྒྲུབས་རྗེས་ཕྱིར་ལས་ཁུངས་སུ་ལོག
ཟླ10པའི་ཚེས29ཉིན། མོའི་ཁྱོ་གས་སྒེར་འཁོར་བཏང་ནས་རྒྱུན་ལྡན་ལྟར་ལས་ཚོགས་ལ་ཕར་སྐྱེལ་ཚུར་ལེན་བྱས། ཆུ་ཚོད19སྟེང་ཁྱོ་ག་དང་མཉམ་དུ་སྒེར་འཁོར་བཏང་ནས་ཁྱིམ་དུ་ལོག་པའི་ལམ་བར་དུ། མོའི་ཁྱོ་གས་ཅུའུ་ཅཱ་གཞིས་ཁུལ་ཉེ་འགྲམ་གྱི་མིས་ཐོའུ་ཧོང་ཕའེ་ཚོང་ཁང་དུ་མྱུར་སྐྱེལ་དངོས་པོ་བླངས་རྗེས། ཁོ་གཉིས་མཉམ་དུ་ཁྱིམ་དུ་ལོག
ཟླ10པའི་ཚེས30ཉིན། ཆུ་ཚོད9པ་ཡས་མས་སུ་ཆིས་ཅཱ་སྲང་ལམ་འབབ་ཚུགས་ནས་སྤྱི་སྤྱོད་རླངས་འཁོར108བསྡད་དེ་ཞའོ་ཆའོ་བྱང་གི་འབབ་ཚུགས་ནས་བབས་པ་དང་། ཆུ་ཚོད9དང་སྐར་མ30ཡས་མས་སུ་སྤྱི་སྤྱོད་རླངས་འཁོར65པར་བསྡད་དེ་ཧའེ་ཧུའུ་ཝན་ཏ་ཐང་ཆེན་འབབ་ཚུགས་ནས་བབས་རྗེས་རྐང་ཐང་དུ་ལས་ཁུངས་སུ་ཕྱིན། ཆུ་ཚོད10དང་སྐར་མ05ཡས་མས་སུ་གླ་གཏོང་རླངས་འཁོར་ལ་བསྡད་དེ་ཁྲའོ་དབྱང་ནུབ་ལམ་གྱི་ཧྲན་ཁྲོན་འབབ་ཚུགས་ནས་བབས་རྗེས། ཉེ་འགྲམ་གྱི་ཀྲང་ཆེ་གེ་མོའི་ཤིང་ཏོག་དང་སྔོ་ཚལ་ཚོང་ཁང་དུ་ཚལ་ཉོས་རྗེས་ཁྱིམ་དུ་ལོག ཆུ་ཚོད15དང་སྐར་མ56སྟེང་ཁྱོ་ག་དང་མཉམ་དུ་སྒེར་འཁོར་བཏང་ནས་ཧྲན་ཁྲོན་སྡེ་ཁུལ་དུ་དོན་དག་བསྒྲུབས་པར་ཕྱིན་པ་དང་། དེའི་རྗེས་ལས་ཁུངས་སུ་ལས་ཚོགས་སུ་ཕྱིན། ཆུ་ཚོད17དང་སྐར་མ10ཡས་མས་སུ་མོ་གཅིག་པུ་གླ་གཏོང་རླངས་འཁོར་ལ་བསྡད་དེ་ཁྱིམ་དུ་ལོག་རྗེས་ཕྱི་ལ་སོང་མེད།
ཟླ10པའི་ཚེས31ཉིན། ཉིན་གང་བོར་ཁྱིམ་དུ་ངལ་གསོ་བྱས་ནས་ཕྱིར་སོང་མེད།
ཟླ11པའི་ཚེས1ཉིན། ཆུ་ཚོད7དང་སྐར་མ45སྟེང་མོའི་ཁྱོ་གས་སྒེར་འཁོར་བཏང་ནས་ལས་ཁུངས་སུ་བསྐྱལ་བ་དང་། ཆུ་ཚོད8དང་སྐར་མ20ཡས་མས་སུ་ལས་ཁུངས་ནང་འབྱོར་རྗེས་ཟི་ལིང་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཐང་ཆེན་ཆུང་བའི་གཅིག་སྡུད་ཉིང་སྐྱུར་དཔེ་ལེན་ས་ཚུགས་སུ་ཕྱིན་ནས་བྱ་བ་བསྒྲུབས་པ་དང་། མཇུག་སྒྲིལ་རྗེས་ཆུ་ཚོད2ལྷག་ཙམ་ལ་ཁྱོ་ག་དང་མཉམ་དུ་བསྡད་པ་དང་། ཆུ་ཚོད12ཡས་མས་སུ་ལས་ཁུངས་སུ་ལོག་ནས་ལས་རེས་བྱས་ཏེ་ཕྱི་ལ་སོང་མེད།
ཟླ11པའི་ཚེས2ཉིན། ལོགས་བཀར་ལྟ་ཞིབ་བྱས།
ཟླ11པའི་ཚེས3ཉིན་གྱི་ཆུ་ཚོད5པར། གནས་འཁེལ་སྨན་ཁང(ཞིང་ཆེན་མི་དམངས་སྨན་ཁང་བཞི་པ)དུ་ལོག་བཀར་སྨན་བཅོས་བྱེད་པར་བསྐྱལ། ད་ལྟ་ནུས་ལྡན་གྱི་ཆེད་ལས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་འབྲེལ་ཡོད་མཆེད་རིམས་རིག་པའི་བརྟག་དཔྱད་དང་། ཚོད་ལྟ་ཁང་གི་བརྟག་དཔྱད་ཚད་ལེན། འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལ་རྗེས་སྙེགས་དོ་དམ་ཚོད་འཛིན་སོགས་ཀྱི་བྱ་བ་སྒྲུབ་བཞིན་ཡོད་ལ། གྲལ་བཤེར་བྱས་པའི་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ཚང་མ་ལོགས་བཀར་དོ་དམ་ཚོད་འཛིན་བྱེད་བཞིན་ཡོད།
འདིར་ཆེད་དུ་དྲན་སྐུལ་བྱས་དོན། ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་སུ་མངོན་པའི་མི་འདི་དང་དུས་མཉམ་དུ་རླངས་འཁོར་ལ་བསྡད་ཡོད་མཁན་དང་། འབྲེལ་འདྲིས་ལོ་རྒྱུས་སམ་ཡང་ན་བྱེད་སྒོའི་རྗེས་ཤུལ་ལ་འབྲེལ་འདྲིས་ཡོད་མཁན་གྱི་མི་ཡོད་ཚེ། མྱུར་དུ་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་ནས། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་མི་འདུག་པར། ཟི་ལིང་གྲོང་ཁྱེར་གྱི་གནས་འཁེལ་སྨན་བཅོས་ལས་ཁུངས་དང་ཡང་ན་ཉིང་སྐྱུར་བརྟག་དཔྱད་དཔེ་ལེན་བྱ་ཡུལ་དུ་ཕྱིན་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པ་མ་ཟད། གྲོང་ཚོ་དང་སྡེ་ཁུལ། ལས་ཁུངས་བཅས་ལ་ཁ་པར་བཏང་ནས་ཐོ་འགོད་སྙན་སེང་ཞུས་ཏེ། རང་ཉིད་ཀྱི་བདེ་ཐང་ལ་ལྟ་ཞིབ་བཟང་པོ་བྱེད་དགོས། དེ་དང་མཉམ་དུ་གྲོང་མིའི་གྲོགས་པོ་ཚོས་མཆེད་རིམས་རིག་པའི་བརྟག་དཔྱད་བྱ་བ་བཟང་པོ་བསྒྲུབ་པར་གཞོགས་འདེགས་གནང་རོགས་ཞུ།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།
2021ལོའི་ཟླ11པའི་ཚེས4ཉིན།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་སྦྱོར། (ཨང24པ)