ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས( ཨང23པ)

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས(ཨང23པ)

 2021ལོའི་ཟླ11པའི་ཚེས2ཉིན་གྱི་ནམ་གུང་། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་འགོས་པའི་ནད་པ6གསར་སྣོན་བྱུང་ཞིང་།(རང་ས་གནས་ནད་རྟགས་གཏན་འཁེལ་བྱས་པའི་མིི་སྣ་ཨང5པ་དང་ཨང6པ། ཨང7པ། ཨང8པ། ཨང9པ། ཨང10པ)གྲོང་ཁྱེར་ནང་ཁུལ་གྱི་རིམས་ནད་གཏན་འགོག་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལས་ཁུངས་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར། ཕྱོགས་བསྡུས་བརྡར་གཅོད་བྱས་པ་བརྒྱུད། གཤམ་གྱི་ས་ཁོངས་འདི་དག་ལ་རིམ་བགོས་དོ་དམ་འཛིན་བྱེད་ཐབས་ལག་བསྟར་བྱ་རྒྱུ་རེད།

གཅིག བཀག་སྡོམ་ཚོད་འཛིན་ས་ཁུལ། ཅིན་ཙུའུ་ཡ་ཡོན་གྱི་ཐོག་ཁང་ཨང་རྟགས1པོ་དང་། ཕིན་ཅ་ཀྲའེ་གཞིས་ཁུལ་ནུབ་མའི་ཐོག་ཁང་ཨང་རྟགས19པ། ཧིན་ཁྲང་ལུའུ་ཧྥུའུ་ཀོང་གི་ཐོག་ཁང་ཨང་རྟགས7པ། ཧའེ་ཧུའུ་ཞིན་ཁྲིན་གྱི་ཐོག་ཁང་ཨང་རྟགས5པ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་ཐོག་ཁང2པ་དང3པ། 4པ། ཁང་ལི་སྡེ་གསར་གྱི་ཐོག་ཁང་ཨང་རྟགས3པ་བཅས་ཡིན། 

དོ་དམ་ཚོད་འཛིན་བྱེད་ཐབས། “ས་ཁོངས་སྒོ་བཀག་དང་མི་ཕྱིར་མི་འགྲོ་བ། ཁྱིམ་དུ་ཞབས་ཞུ་བྱེད་པའི”རྩ་དོན་ལྟར་སྒོ་བཀག་དོ་དམ་བྱས་ཏེ། མི་ནང་དུ་འགྲོ་བ་ལས་ཕྱིར་མི་འགྲོ་བ། སྤྱིར་བཏང་གི་སྤྱི་ཚོགས་རླངས་འཁོར་གཏན་འགོག་བྱེད་པ་དང་། འཚོ་བའི་དངོས་རྫས་འགན་སྲུང་རླངས་འཁོར་གཅིག་གྱུར་ལྟར་དོ་དམ་བྱེད་པ། སྡོད་དམངས་ཀྱིས་ཁྱིམ་དུ་བསྡད་དེ་ལོགས་བགར་དང་ཕྱིར་མི་འགྲོ་བ། སྒོ་བསྟེན་དུ་སྨན་བཅོས་བྱེད་དུ་འགྲོ་བ་སོགས་ལ། གཞིས་ཁུལ་གྱི་འཐད་པ་བྱུང་རྗེས། ཆེད་དུ་རླངས་འཁོར་དང་མི་སྣ་བཀོད་སྒྲིག་བྱེད་པ་དང་། གོ་རིམ་ཧྲིལ་བོར་མི་སྒེར་གྱི་འགོག་སྲུང་ལེགས་པོར་སྒྲུབ་ནས། ཁྱོན་ཡོངས་ནས་སྒོ་བཀག་དོ་དམ་བྱེད་དགོས། ཁྱིམ་དུ་བསྡད་དེ་ལོགས་བགར་བྱེད་སྐབས་ཀྱང་ཁ་ཐུམ་རྒྱག་པ་དང་། ཁྱིམ་ཚང་གི་ཁྱིམ་མི་བར་གྱི་འབྲེལ་འདྲིས་ཇེ་ཉུང་དུ་བཏང་ནས། ཁོར་ཡུག་དུག་སེལ་དང་། ཁྱིམ་དུ་འདུག་སྐབས་སྒེའུ་ཁུང་ཕྱེ་བ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས།

གཉིས། དོ་དམ་ཚོད་འཛིན་ཁུལ། ཅིན་ཙུའུ་ཡ་ཡོན་དུས་སྐབས་དང་པོའི་གྱང་རའི་ནང་ཁུལ་གྱི(ཐོག་ཁང་ཨང་རྟགས1པོ་ནས་གཞན་ཕུད)ཕིན་ཅ་ཀྲའེ་གཞིས་ཁུལ་ནུབ་མའི་གྱང་རའི་ནང་ཁུལ་གྱི(ཐོག་ཁང་ཨང་རྟགས19ལས་གཞན་ཕུད)ཧའེ་ཧུའུ་ཞིན་ཁྲིན་གྱང་རའི་ནང་ཁུལ་གྱི(ཐོག་ཁང་སྒོ་རྟགས5བ་ལས་གཞན་ཕུད)ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་ཁྱིམ་སྡོད་ཐོག་ཁང་གི་གྱང་རའི་ནང་ཁུལ་གྱི(ཐོག་ཁང་སྒོ་རྟགས་ཨང3པ་དང4པ། 5པ་ལས་གཞན་ཕུད)ཁང་ལི་སྡེ་གསར་གྱི་གྱང་རའི་ནང་ཁུལ་གྱི(ཐོག་ཁང་སྒོ་རྟགས3པ་ལས་གཞན་ཕུད)ཁྱབ་ཁོངས་ཡིན།

དོ་དམ་ཚོད་འཛིན་བྱེད་ཐབས། “མི་ཕྱིར་མི་འགྲོ་བ་དང་འདུས་སྡོད་གཏན་ནས་མི་བྱེད་པའི”རྩ་དོན་ལྟར། མི་སྣ་ནང་དུ་འགྲོ་བ་ལས་ཕྱིར་མི་འགྲོ་བ་དང་། མི་སྣ་ཡོངས་ཁྱིམ་དུ་འདུག་པ་དང་། དུད་ཁྱིམ་རེའི་ཉིན2ནས3བར་མི་གཅིག་བཀོད་སྒྲིག་བྱས་ཏེ། མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱས་པའི་སྔོན་འགྲོ་འོག གཞིས་ཁུལ་གྱིས་གཏན་འཁེལ་བྱས་པའི་ས་གནས་སུ་འཚོ་བའི་དངོས་རྫས་ཉོ་དགོས། སྨན་བཅོས་སོགས་ཀྱི་རྒྱུ་རྐྱེན་གྱིས་སྒོ་ཕྱིར་འགྲོ་བར་གཞིས་ཁུལ་གྱི་བདེན་དཔང་ཡི་གེ་ཡོད་དགོས་པ་མ་ཟད་ཐོ་འགོད་བྱེད་དགོས། མི་སྣ་ཡོད་ཚད་འགྲོ་འོང་བྱེད་སའི་གཞིས་ཁུལ་དུ་དཔང་བཤེར་དང་ཨང་བཤེར། དྲོད་གྲངས་འཇལ་བ། ཐོ་འགོད་སོགས་ཀྱི་བྱེད་ཐབས་སྤྱོད་དགོས།

གསུམ། འགོག་སྲུང་ཚད་ལྡན་ས་ཁུལ། མཁར་བྱང་ཁུལ་ནང་ཁུལ་ནས་དབྱིན་དབྱིན་འགོག་སྲུང་ཤར་ཕྱོགས་ཀྱི་གྱང་ར་དང་། བྱང་ནས་ཡན་ཀྲོང་རི་རྩ་དང་། ལྷོ་ནས་ཁྲའེ་ཏ་མུའུ་ལམ། ནུབ་ནས་པའོ་ཡ་སློབ་ཆུང་ལམ། མཁར་ཤར་ཁུལ་ནང་ཁུལ་གྱི་ཤར་ནས་པོ་བུན་ལམ་དང་། བྱང་ནས་བརྒྱད་གཅིག་ལམ། ལྷོ་ནས་ཁུ་ནུ་ལམ། ནུབ་ནས་ཁང་ཞིའི་ལམ་དང་པོ་དང་། ཁང་ནན་ཞང་བར་བཅས་ཡིན།

དོ་དམ་ཚོད་འཛིན་བྱེད་ཐབས། “སྤྱི་ཚོགས་དོ་དམ་ཚོད་འཛིན་ཤུགས་དྲག་ཏུ་བཏང་ནས། མི་སྣ་འདུ་འཛོམས་ཚད་བཀག་ནན་མོ་བྱེད་པའི”རྩ་དོན་ལྟར། འགོག་སྲུང་ཁུལ་ནང་ཁུལ་གྱི་སྡོད་དམངས་ཀྱིས་རྩ་དོན་སྟེང་འགོག་སྲུང་ཚོད་འཛིན་ས་ཁུལ་དུ་ཁ་བྲལ་མི་ཆོག  འཚོ་བའི་ས་ཁོངས་ནང་ཁུལ་དུ་སྒོ་ཕྱིར་འགྲོ་བ་ཇེ་ཉུང་དུ་གཏོང་བ་དང་། འདུ་འཛོམས་མི་བྱེད་པ།སྤྱི་ཚོགས་འབྲེལ་འདྲིས་བར་ཐག་རྒྱུན་འཁྱོངས་བྱས་ཏེ། མི་སྒེར་གྱི་འགོག་སྲུང་ལེགས་པོ་བྱེད་པ་དང་། ཁང་བའི་ནང་དང་སྤྱི་བའི་ར་བའི་ནང་གི་དྲོད་གྲངས་འཇལ་བ་དང་ཨང་བཤེར། ཁ་ཐུམ་རྒྱག་པ་སོགས་འགོག་བཅོས་ཚོད་འཛིན་གཟབ་ནན་བྱེད་དགོས་པ་དང་། གལ་ཏེ་ཚ་རྒྱག་པ་དང་གློ་ལུ་པ། ཐང་ཆད་པ། སྣ་ཚོར་ཉམས་པ་སོགས་ཀྱི་ནད་རྟགས་ཡོད་ཚེ། དུས་ཐོག་ཏུ་རང་འགུལ་ངང་སྨན་བཅོས་སྡེ་ཁག་ཏུ་སྨན་བཅོས་བྱེད་དུ་འགྲོ་དགོས་ཤིང་། སྨན་བཅོས་སུ་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་སོགས་སུ་མི་འདུག་པར་ཞུ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ། 2021ལོའི་ཟླ11པའི་ཚེས4ཉིན།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།