སང་ཉིན་གྱི་ཆུ་ཚོད8ནས་བཟུང་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་དུ་བསྒྱུར་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་པྲོག་གསར་གློ་ཚད་ནད་དུག་རེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས4ཉིན་གྱི་ཆུ་ཚོད8ནས་བཟུང་། མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཀག་སྡོམ་ཁུལ(ཧྲི་ཧུའེ་ཡའོ་ཤང་ཧྲི་ཧུའེ་ཡའོ་སྡེ་བ)དང་དོ་དམ་ཚོད་འཛིན་ཁུལ(ཞིང་ཆེན་ཏང་ཨུའི་ཁྱིམ་སྡོད་ར་བ)སྔོན་འགོག་དོགས་ཟོན་ཁུལ(ཕིན་ཨན་གྲོང་རྡལ། སན་ཧོ་གྲོང་རྡལ། ཞའོ་ཞ་གྲོང་རྡལ། ཧྲི་ཧའེ་ཡའོ་ཤང)བཅས་ཀྱི་དོ་དམ་ཚོད་འཛིན་དེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་དུ་བསྒྱུར་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།