ཟི་ལིང་གི་འགྲིམ་འགྲུལ་ཉེན་རྟོག་པས་རིམས་ནད་སྐབས་ཀྱི་བདེ་འཇགས་བྱ་བར་འགན་སྲུང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དུས་ཐོག་ཏུ་ཤེས་རྟོགས་ནུས་ལྡན་བྱེད་པ་དང་འགོས་ཁུངས་ཚོད་འཛིན་བྱ་ཆེད། ཟླ11པའི་ཚེས2ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཁོངས་གཏོགས་ཁྱབ་ཁོངས་སུ་དམངས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་ཡིན་པར་ཐག་བཅད། ཟི་ལིང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་མྱུར་དུ་མཁར་ནུབ་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལས་དོན་སྤེལ་ནས། “རིམས་ནད་ཀྱི་མདུན་དུ་ཉེན་རྟོག་པ་སྔོན་ལ་མཆོང་བའི”རིམས་འགོག་སྙིང་སྟོབས་དར་སྤེལ་བྱས། ཟླ11པའི་ཚེས2ཉིན་གྱི་ཞོགས་པའི་ཆུ་ཚོད7གྱི་སྟེང་། མཁར་ནུབ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་དངོས་སུ་མགོ་རྩོམ་པར་ད་དུང་དུས་ཚོད་གཅིག་གི་རིང་ཡོད་པའི་དུས་སུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་གཅིག་གྱུར་བསྡུ་འཛོམ་བྱས་ཏེ་མིང་ཐོ་བཀོད་པ་བརྒྱུད། སྔ་མོ་ནས་གཞུང་ལས་བཀོད་སྒྲིག་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས།  །

LOCAL202111031045000592797757227.jpg

LOCAL202111031047000066763508474.jpg

LOCAL202111031047000192393353886.jpg

LOCAL202111031047000331610192823.jpgLOCAL202111031047000506292210676.jpg

LOCAL202111031045000383739748744.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།