ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང14པ)

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང14པ)

ཟླ11པའི་ཚེས3ཉིན་གྱི་ཞོགས་པར་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི1ཇེ་མང་དུ་སོང་ཡོད། ད་ལྟ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར། 

ལིང་ཆེ་གེ་མོ།(ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་མི་སྣ11པ)མོ། ལོ31ཡིན། ད་ལྟ་མཁར་བྱང་ཁུལ་ཁྲའོ་དབྱང་ནུབ་ལམ་ཏིན་ཨན་མིན་ཁྲིན་གཞིས་ཁུལ་གྱི་ཐོག་ཁང6པར་བསྡད་ཡོད། དེ་ནི་རང་ས་གནས་ཀྱི་ནད་པ་ཨང10པ་ཝང་ཆེ་གེ་མོ་དང་འབྲེལ་འདྲིས་དམ་ཟབ་ཡོད་མཁན་ཞིག་ཡིན་ལ། གཅིག་སྡུད་ལོགས་བཀར་བྱེད་སྐབས་སུ་ཉིན་རེའི་ཉིང་སྐྱུར་བརྟག་དཔྱད་བྱས་པ་ལས་གདགས་གཤིས་ཡིན་པ་ཤེས། མིག་སྔར་གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན། 

མིག་སྔར། གོང་གི་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་དེ་མཆེད་ནད་རིག་པའི་རྟོག་དཔྱོད་དང་ཚོད་ལྟའི་ཁང་དུ་ཞིབ་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། འབྲེལ་འདྲིས་དམ་ཟབ་ཡོད་མཁན་འཚོལ་བ་དང་འབྲེལ་ཡོད་ས་ཁུལ་ལ་བཀག་སྡོམ་ཚོད་འཛིན་བྱེད་བཞིན་ཡོད། 

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2021ལོའི་ཟླ11པའི་ཚེས3ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།