མཚོ་སྔོན་ཞིང་ཆེན་ཏང་ཨུས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྐོར་ཐེངས་བརྒྱད་པའི་སྐོར་ཞིབ་དག་ཐེར་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ་ལ་གསན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅུའི་ཆེད་དོན་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་སྟེང་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་བརྒྱད་པའི་སྐོར་གཟིགས་དག་ཐེར་གྱི་ཕྱོགས་བསྡུས་གནས་ཚུལ་སྙན་ཞུ་ལ་གསན།

གྲོས་ཚོགས་སྟེང་སྤྱི་ཡོངས་ཀྱི་གནས་ཚུལ་ལ་བལྟས་ན། སྡེ་ཁག་སོ་སོས་དག་ཐེར་ལས་དོན་ལ་སྐུལ་འདེད་བྱེད་པའི་བྱེད་ཐབས་དོན་དངོས་དང་མཐུན་ལ། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ཐབས་ལམ་ཅུང་བཟང་པ། ལྷག་པའི་གནད་དོན་ལ་སྟངས་འཛིན་ཡང་དག་བྱེད་པ་བཅས་ཀྱི་ཐོག་ནས་དག་ཐེར་ལ་དམ་འཛིན་དང་དག་ཐེར་ལ་ལྟ་སྐུལ་བྱེད་པའི་ཕྱོགས་གཉིས་དམ་འཛིན་དང་། ཕྱོགས་གཉིས་སྲ་བརྟན། ཕྱོགས་གཉིས་སྐུལ་སྤེལ་བྱེད་པ་བཅས་མངོན་གསལ་དོད་པོ་ཡོད་པས། རེས་སྐོར་དང་པོའི་དག་ཐེར་ལས་ཡར་ཐོན་བྱུང་ཡོད། དག་ཐེར་ཡོ་བསྲང་དམ་འཛིན་དང་དག་ཐེར་ཡོ་བསྲང་ལ་ལྟ་སྐུལ་བྱེད་པའི་བརྒྱུད་རིམ་ཁྲོད། མགོ་ཁྲིད་ཀྱིས་མཐོང་ཆེན་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། འགན་འཁྲི་དོན་འཁྱོལ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་ལ། ལམ་སྲོལ་འཐུས་ཚང་དུ་གཏོང་བ་ནི་ཧ་ཅང་གལ་ཆེན་ཡིན་པ་བཅས་རྟོགས་ཐུབ། རེས་སྐོར་བརྒྱད་པའི་སྐོར་གཟིགས་དག་ཐེར་བྱེད་སྐབས་ཞིང་ཆེན་རིམ་པའི་མགོ་ཁྲིད4ཡིས་ཐད་ཀར་དུས་ཆད་ཁ་བརྡ་བྱས་ནས། མཆན་བཀོད་མཛུབ་སྟོན་ནམ་ཡང་ན་གྲོས་ཚོགས་བསྡུས་ནས་དག་ཐེར་ལ་སྐུལ་འདེད་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པར་བསྟན།

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ་དང་། དག་ཐེར་དམ་འཛིན་དང་དག་ཐེར་ལ་ལྟ་སྐུལ་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། རྒྱུན་དུ་དམ་འཛིན་དང་ཕུགས་ཕན་ལམ་སྲོལ་ཕན་ཚུན་མཉམ་འདྲེས་བྱེད་པ། ཞིབ་བཤེར་དང་ཐག་གཅོད་ནན་མོ་བྱེད་པ། ཕྱོགས་གཅིག་ནས་རྒྱུན་རྣམ་ཅན་གྱི་དག་ཐེར་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གནད་དོན་གནད་ལ་འཁེལ་བ་དང་ཡུན་རིང་ཕན་འབྲས་ཐོན་པར་འགན་ལེན་དང་། ཕྱོགས་གཅིག་ནས་གཙོ་གནད་དང་དཀའ་གནད་ཡོད་པའི་གནད་དོན་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན། གནད་དོན་གྱི་ཁུངས་སྣེར་གཅིན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་ལྟར་བྱ་བ་བསྒྲུབ་ནས་སྲ་བརྟན་གྱི་དག་ཐེར་ཕན་འབྲས་བསྐྱེད་པར་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།