ཟླ11པའི་ཚེས2ཉིན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཁོངས་གཏོགས་སུ་ཁོངས་མི་ཡོངས་ལ་ཉིང་སྐྱུར་ཚད་ལེན་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་བསྒྲགས་བྱས་པའི་བརྡ་ཁྱབ་ལྟར་ན། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་དགོས་མཁོ་ལྟར། ཁོངས་གཏོགས་ཁྱབ་ཁོངས་ནང་ཁུལ་གྱི་མི་སྣ་ཡོངས་ལ་ཉིང་བསྐྱུར་ཚད་ལེན་བྱེད་དགོས།

ཐེངས་འདིའི་ཉིང་བསྐྱུར་ཚད་ལེན་དེ་མཁར་ནུབ་ཁུལ་གྱི་ཁྱབ་ཁོངས་ནང་དུ་ཁྱོན་ཞིབ་བཤེར་བྱེད་ས121བཀོད་སྒྲིག་བྱས་ཡོད་པ་དང་། ཞིབ་བཤེར་དུས་ཚོད་ནི་ཟླ11པའི་ཚེས2ཉིན་གྱི་དུས་ཚོད་9:00དུས་ཚོད21བར་ཡིན། ཞིབ་བཤེེར་ཁྱབ་ཁོངས་ནི་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་ཁོངས་གཏོགས་ཁྱབ་ཁོངས་ནང་ཁུལ་གྱི་སྡོད་དམངས་ཡོངས་ཡིན་ཏེ། གནས་སྐབས་སྡོད་མི་དང་ལས་བྱེད་མི་སྣ། ལས་གཉེར་མི་སྣ་སོགས་འདུ་བ་དང་། ཁུལ་དུ་སྡོད་པའི་དམག་དཔུང་རུ་ཁག་གིས་དམག་དཔུང་གི་བཀོད་སྒྲིག་ལྟར་འབྲེལ་ཡོད་རིམས་འགོག་ལས་དོན་སྒྲུབ་དགོས། དེའི་ཁྲོད་ཞིང་ཆེན་ཕྱི་ནས་ཟི་ལིང་དུ་ཡོང་བའི་མི་སྣས་རང་འགུལ་ངང་ཐོ་འགོད་བྱེད་དགོས་པ་མ་ཟད། ཞིབ་བཤེར་དང་ལེན(ཟླ10བའི་ཚེས31ཉིན་དང་ཟླ11པའི་ཚེས1ཉིན་ཞིན་ཧེ་སྲང་ལམ་ཁུལ་དང་། ཞི་ཀོན་ཁུལ་དུ་ཉིང་བསྐྱུར་ཚད་ལེན་བྱས་ཚར་བའི་མི་སྣ་ཕུད།)བྱེད་དགོས།

བརྡ་སྦྱོར་ལས། རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་གཞིས་ཁུལ་གྱི་ལས་སྒྲུབ་མི་སྣའི་བཀོད་སྒྲིག་ལ་ཉན་དགོས་པ་དང་། དུས་བཅད་བྱས་པའི་དུས་ཚོད་ནང་གཏན་འཁེལ་བྱས་ཡོད་པའི་ས་གནས་སུ་གཅིག་བསྡུས་སྒོས་ཉིང་བསྐྱུར་ཚད་ལེན་བྱེད་པ་དང་། ཁྱིམ་མཚེས་དང་ཉེ་འགྲམ་གྱི་མི་སྣར་ཕན་ཚུན་བརྡ་བཏང་ནས་གང་ནུས་ཀྱིས་ཞིབ་བཤེར་བྱེད་དགོས། ཞིབ་བཤེར་ཁྱབ་ཁོངས་ནང་ཁུལ་གྱི་ཁེ་ལས་ལས་དོན་ལས་ཁུངས་ཀྱིས་ཧུར་ཐག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་དང་། རང་ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཞིབ་བཤེར་བྱེད་པ་དང་། ཞིབ་བཤེར་ཚད་ལེན་བྱ་བ་ལེགས་འགྲུབ་བྱེད་དགོས། ཞིབ་བཤེར་ཁྱབ་ཁོངས་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭ་དང་དམའ་འབྲིང་། མཐོ་འབྲིང་གི་ལས་བཟོ་བ་དང་སློབ་མས་རང་སློབ་གྲྭར་གཅིག་གྱུར་ངང་ཞིབ་བཤེར་བྱེད་པ་དང་། སློབ་ཆུང་དང་བྱིས་སྐྱོང་ཁང་གི་དགེ་བཟོ་བ་ཡོངས་དང་དེ་མིན་སློབ་མ་རྣམས་ཀྱིས་རང་སྡོད་སའི་གཞིས་ཁུལ་དུ་གོ་རིམ་ལྡན་པའི་ངང་ཞིབ་བཤེར་ཚད་ལེན་བྱེད་དགོས།

བརྡ་སྦྱོར་ལས་རྒྱ་ཆེའི་གྲོང་ཁྱེར་སྡོད་དམངས་ཀྱིས་ཐོབ་ཐང་འཛིན་ཡིག་འཁྱེར་ནས་རང་འགུལ་གྱིས“བདེ་ཐང་ཨང་བཤེར”དང“འགྲོ་འདུག་ཨང་བཤེར”སྟོན་དགོས། ཡུལ་དངོས་ལས་སྒྲུབ་མི་སྣའི་བཀོད་འདོམས་ལ་ཉན་དགོས་པ་མ་ཟད། གོ་རིམ་ཧྲིལ་བོར་ཁ་ཐུམ་རྒྱག་དགོས་པ་དང་གོ་རིམ་ངང་གྲལ་སྒྲིག་ནས། མི་གཞན་དང་བར་ཐག་སྨི1འཇོག་པ་དང་། གླེང་མོལ་མི་བྱེད་པ། འདུ་འཛོམས་མི་བྱེད་པ་བཅས་བྱེད་དགོས། མ་དཔེ་བསྡུ་ལེན་སྔོན་གྱི་དུས་ཚོད2རིང་བཟའ་བཏུང་མི་བྱེད་པ་དང་། སྐར་མ30ནང་དུ་བ་འཐེན་པ་དང་ཆང་འཐུང་བ་སོགས་བྱེད་མི་རུང་བ་དང་།དེས་ཞིབ་བཤེར་མཇུག་འབྲས་ལ་གནོད་པ་ཡོད། ཞིབ་བཤེར་མཇུག་འབྲས་མ་ཐོན་པའི་སྔོན་དུ། གང་ནུས་ཀྱིས་ཁྱིམ་དུ་བསྡད་དེ་སྒུག་དགོས་ཤིང་།དགོས་ངེས་ཀྱི་ཕྱིར་འགྲོ་དགོས་ཚེ། གང་ནུས་ཀྱིས་སྤྱི་སྤྱོད་རླངས་འཁོར་ཡོ་བྱད་དུ་མི་འདུག་པར་ཞུ། གཏན་འཁེལ་བྱས་པའི་ཞིབ་བཤེར་ས་ཚིགས་སུ་འགྲོ་དཀའ་བའི་རྒན་པ་དང་ནད་པ་སོགས་འགྲོ་འདུག་ལ་སྟབས་མི་བདེ་རྣམས་ལ། ཁྱིམ་བདག་གིས་གཞིས་ཁུལ་ལ་རེ་ཞུ་བྱས་ཏེ། ཁྱིམ་དུ་ཡོང་ནས་མ་དཔེ་བསྡུ་ལེན་ལག་བསྟར་བྱས་ཆོག  གལ་ཏེ་དོགས་གཞི་གནད་དོན་གང་རུང་ཡོད་ན། གཤམ་གྱི་ཁ་པར6112345འདི་དང་།  13997288042(སྐྱེས་མ་གོན)13299880054(སྐྱེས་མ་ཀྲུའུ)15202518342(སྐྱེས་མ་ཞུང)13997205605(སྐྱེས་མ་ཝང་།)15500799026(སྐྱེས་མ་ཡན)13602085703(སྐྱེས་མ་ཐན)བཅས་ལ་ཁ་པར་བཏང་ནས་བློ་འདྲི་བྱས་ཆོག 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།