ཞིན་ཧེ་རྫོང་དུ་འབྲེལ་འདྲིས་དམ་ཟབ་ཀྱི་མི་སྣ་ཞིག་བྱུང་བའི་བརྡ་སྦྱོར།

ཞིན་ཧེ་རྫོང་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་ལས་ཁང་གིས་སྤེལ་བའི་ཟི་ལིང་གི་པྲོག་གསར་ནད་པ་ཞིག་ལ་འབྲེལ་བ་དམ་ཟབ་ཡོད་མཁན་བདའ་འདེད་དོ་དམ་བྱེད་པའི་བྲེལ་མྱུར་གསལ་བརྡ།

མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་ལས་ཁང་གི་བརྡ་འཕྲིན་ལྟར་ན། 2021ལོའི་ཟླ11པའི་ཚེས1ཉིན། ཟི་ལིང་གི་ནད་དཔེ་གཏན་འཁེལ་བྱས་པའི་ནད་པ་ཞིག་ལ་འབྲེལ་བ་དམ་ཟབ་ཡོད་པའི་ཚའོ་ཆེ་གེ་མོ་ཞིན་ཧེ་རྫོང་ནས་བགྲོད་སྐྱོད་བྱས་ཡོད། མིག་སྔར་ཚའོ་ཆེ་གེ་མོ་ལོགས་བཀར་དང་གསོ་རིག་རྟོག་དཔྱད་བྱས་ཤིང་། དེ་ལ་འབྲེལ་བ་བྱས་པ་དང་སྤྱིར་བཏང་འབྲེལ་འདྲིས་མི་སྣར་ཕྱོགས་ཡོངས་ནས་བདའ་འདེད་བྱེད་བཞིན་ཡོད།

ཚའོ་ཆེ་གེ་མོའི་བགྲོད་སྐྱོད་ལམ་ཐིག་གཤམ་གསལ་ལྟར། ཟླ10པའི་ཚེས27ཉིན་གྱི་སྔ་དྲོའི་ཆུ་ཚོད10སྟེང་ཚའོ་ཆེ་གེ་མོ་གླ་གཏོང་རླངས་འཁོར་ཀུང་སིའི་རླངས་འཁོར(青A6896H)ལ་བསྡད་དེ་ཞིན་ཧེ་རྫོང་གི་བཟོ་སྐྲུན་ལས་ཡུལ་དུ་སོང་བ་དང་། ཆུ་ཚོད11དང་སྐར་མ40སྟེང་གུང་ཧོ་རྫོང་མྱུར་བགྲོད་གཞུང་ལམ་གྱི་ངལ་གསོ་ཁུལ་ནས་ཟ་མ་ཟོས། ཆུ་ཚོད11དང་སྐར་མ55སྟེང་ཆུ་འགག་ལྷོ་ཕྱོགས་སྤྱི་ལེ40མཚམས་ཀྱི(བྲག་དཀར་སྤྲེལ་རྫོང་དགོན་པའི་ནུབ་ཕྱོགས་ཀྱི་སྤྱི་ལེ15མཚམས་ཀྱི་མི་མེད་ས་ཁུལ)བཟོ་སྐྲུན་ལས་ཡུལ་དུ་སོང་ཤིང་ལས་བཟོ་བ་མི་གསུམ་ལ་འབྲེལ་བ་བྱས། ཆུ་ཚོད18དང་སྐར་མ14སྟེང་ཞིན་ཧེ་མགྲོན་ཁང་དུ་ཐོན་ཞིང་སྒོ་རྟགས་ཨང606ནང་དུ་བསྡད། ཆུ་ཚོད19དང་སྐར་མ30སྟེང་བྱང་ལམ་ཆེན་མོའི་ཕྱེ་སོབ་སྲེག་ཟས་ཟ་ཁང་དུ་ཟ་མ་ཟས་ཤིང་། ཆུ་ཚོད20སྟེང་ཞིན་ཧེ་མགྲོན་ཁང་དུ་ཕྱིར་ལོག

ཟླ10པའི་ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད12དང་སྐར་མ10སྟེང་མཱ་ཀྲོང་ལུག་རྒྱུ་ཐུག་པ་ཟ་ཁང་དུ་ཟ་མ་ཟས་པ་དང་། ཆུ་ཚོད12དང་སྐར་མ43གྱི་སྟེང་ཅཱ་ཧྲིན་འཚོ་བའི་སྒོ་རྩིས་ཚོང་ཁང་ནས་དངོས་པོ་ཉོས། ཆུ་ཚོད12དང་སྐར་མ50སྟེང་ཞིན་ཧེ་ལྕགས་རིགས་གློག་ཆས་ཚོང་ཁང་དུ་དངོས་པོ་ཉོས། ཆུ་ཚོད12དང་སྐར་མ55སྟེང་བཟོ་སྐྲུན་ལས་ཡུལ་དུ་སོང་ཞིང་། ལམ་བར་དུ་ཆུ་འགག་བརྒྱུད་ཡོད། ཆུ་ཚོད16དང་སྐར་མ40སྟེང་རྫོང་དུ་ཡོང་བའི་འགག་སྒོ་རུ་ཐོ་འགོད་བྱས། ཆུ་ཚོད19དང་སྐར་མ20སྟེང་ཞིན་ཧེ་རྫོང་བོད་སྨན་ཁང་དུ་ཉིང་སྐྱུར་བརྟག་འཇལ་བྱས་ཤིང་། བརྟག་འཇལ་བྱས་ཚར་རྗེས་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག ཆུ་ཚོད20སྟེང་བྱང་ལམ་ཆེན་མོའི་ཁོ་རི་ཡ་ལུགས་ཀྱི་སྲེག་ཟས་ཟ་ཁང་དུ་ཟ་མ་ཟས། ཆུ་ཚོད20དང་སྐར་མ22སྟེང་ཅཱ་ཧྲིན་འཚོ་བའི་སྒོ་རྩིས་ཚོང་ཁང་དུ་དངོས་པོ་ཉོས་པ་དང་། ཆུ་ཚོད20དང་སྐར་མ44སྟེང་ཅཱ་ཧྲིན་འཚོ་བའི་སྒོ་རྩིས་ཚོང་ཁང་གི་ཁ་གཏད་དུ་ཡོད་པའི་ལྕགས་རིགས་ཚོང་ཁང་དུ་དངོས་པོ་ཉོས་ཤིང་། ཆུ་ཚོད20དང་སྐར་མ50སྟེང་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག

ཟླ10པའི་ཚེས29ཉིན་གྱི་ཉིན་གུང་ཆུ་ཚོད12དང་སྐར་མ40སྟེང་ཞིན་ཧེ་མགྲོན་ཁང་དང་ཁ་བྲལ་ཏེ། ཞིན་ཧེ་རྫོང་བོད་སྨན་ཁང་དུ་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་ལེན་དུ་སོང་། ཆུ་ཚོད13སྟེང་མཇུག་འབྲས་བླངས་ནས་བཟོ་སྐྲུན་ལས་ཡུལ་དུ་སོང་། ཆུ་ཚོད19དང་སྐར་མ20སྟེང་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག ཆུ་ཚོད19དང་སྐར་མ45སྟེང་ཕྱེ་སོབ་སྲེག་ཟས་ཟ་ཁང་དུ་ཟ་མ་ཟས། ཆུ་ཚོད20དང་སྐར་མ8སྟེང་ཅཱ་ཧྲིན་སྒོ་རྩིས་ཚོང་ཁང་དུ་དངོས་པོ་ཉོས་རྗེས་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག 
ཟླ10པའི་ཚེས30ཉིན་གྱི་སྔ་དྲོའི་ཆུ་ཚོད4དང་སྐར་མ40སྟེང་ཞིན་ཧེ་མགྲོན་ཁང་དང་ཁ་བྲལ། ཆུ་ཚོད8དང་སྐར་མ50སྟེང་མཱ་ཀྲོང་ལུག་རྒྱུ་ཐུག་པ་ཟ་ཁང་དུ་སོང་བ་དང་། ཆུ་ཚོད9དང་སྐར་མ10སྟེང་བཟོ་སྐྲུན་ལས་ཡུལ་དུ་སོང་། ཆུ་ཚོད18དང་སྐར་མ24སྟེང་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག ཆུ་ཚོད19སྟེང་ཕྱེ་སོབ་སྲེག་ཟས་ཟ་ཁང་དུ་སོང་ཞིང་ཆུ་ཚོད20དང་སྐར་མ25སྟེང་ཞིན་ཧེ་མགྲོན་ཁང་དུ་ཕྱིར་ལོག 

ཟླ10པའི་ཚེས31ཉིན་གྱི་ཉིན་གུང་གི་ཆུ་ཚོད11སྟེང་མཱ་ཀྲོང་ལུག་རྒྱུ་ཐུག་པ་ཟ་ཁང་དུ་སོང་བ་དང་། ཆུ་ཚོད11དང་སྐར་མ40སྟེང་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག ཆུ་ཚོད13དང་སྐར་མ24སྟེང་ཞིན་ཧེ་རྫོང་མི་དམངས་སྨན་ཁང་དུ་སོང་ནས་ཉིང་སྐྱུར་བརྟག་འཇལ་བྱས་པ་དང་། བརྟག་འཇལ་བྱས་ཚར་རྗེས་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག ཆུ་ཚོད19དང་སྐར་མ50སྟེང་ཕྱེ་སོབ་སྲེག་ཟས་ཟ་ཁང་དུ་ཟ་མ་ཟས་པ་དང་། ཆུ་ཚོད20དང་སྐར་མ15སྟེང་ཕྱིར་ཞིན་ཧེ་མགྲོན་ཁང་དུ་ལོག ཉིན་དེར་ཆུང་མ་ཉིང་སྐྱུར་རྟག་འཇལ་མཇུག་འབྲས་གདགས་གཤིས་ཡིན་པའི་ཁྲུན་ཆེ་གེ་མོར་འབྲེལ་བ་དམ་ཟབ་ཡོད་མཁན་ཡིན་པ་ཤེས་རྗེས། ཧུར་ཐག་གིས་རང་ཉིད་འགོག་སྲུང་བྱས་ཤིང་སྤྱི་སྤྱོད་ས་གནས་སུ་ཁ་ཐུམ་བརྒྱབ་པ་དང་། ཟ་མ་ཟ་དུས་ཀྱང་རང་གཅིག་པུས་ཟས་ལ་མི་གཞན་དང་འབྲེལ་འདྲིས་མ་བྱས། 

ཟླ11པའི་ཚེས1ཉིན་གྱི་སྔ་དྲོའི་ཆུ་ཚོད8དང་སྐར་མ50སྟེང་ཞིན་ཧེ་རྫོང་མི་དམངས་སྨན་ཁང་དུ་ཉིང་སྐྱུར་བརྟག་འཇལ་མཇུག་འབྲས་བླངས་པ་དང་། ཆུ་ཚོད9དང་སྐར་མ15སྟེང་ཞིན་ཧེ་རྫོང་མཁར་བྱང་སྡོད་ཁུལ་དུ་ཐོ་འགོད་བྱས། དེའི་རྗེས་ཞིན་ཧེ་རྫོང་རིམས་འགོག་ལྟེ་གནས་ཀྱིས་མཆེད་ནད་རིག་པའི་རྟོག་དཔྱོད་བྱས། ཉིན་གུང་ཞིན་ཧེ་རྫོང་རིམས་འགོག་ལྟེ་གནས་ཀྱིས་ཝང་ཧྥུའུ་མགྲོན་ཁང་ཆེན་མོར་གཅིག་བསྡུས་ལོགས་བཀར་བྱེད་དུ་བསྐྱལ།

ཞིན་ཧེ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡིས་རྒྱ་ཆེའི་སྡོད་དམངས་ལ་རེ་བ་འདོན་རྒྱུར། བར་སྐབས་དེར་ཚའོ་ཆེ་གེ་མོ་དང་རླངས་འཁོར་གཅིག་ལ་བསྡད་མྱོང་བ་དང་། འབྲེལ་འདྲིས་བྱས་པའམ་བགྲོད་སྐྱོད་ལམ་ཐིག་གཅིག་པའི་མི་སྣས་མགྱོགས་མྱུར་ངང་རང་ཉིད་འགོག་སྲུང་ལེགས་པོར་བསྒྲུབ་དགོས་ཤིང་། སྤྱི་སྤྱོད་རླངས་འཁོར་ལ་མི་འདུག་པར་རང་ཉིད་ཞིན་ཧེ་རྫོང་མི་དམངས་སྨན་ཁང་དུ་ཉིང་སྐྱུར་བརྟག་འཇལ་བྱེད་དུ་ཡོང་དགོས། དུས་མཚུངས་སུ་སྡེ་བ་དང་སྡོད་ཁུལ་ལ་ཁ་པར་གྱི་ལམ་ནས་ཐོ་འགོད་བྱེད་དགོས་ལ། དོན་དག་གལ་ཆེན་མེད་ཚེ་ཕྱི་རུ་མ་འགྲོ། དོགས་གཞི་ཡོད་ཚེ་རྫོང་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་ལས་ཁང་དུ་ཁ་པར་བཏང་ཆོག དེ་མིན་རྒྱ་ཆེའི་སྡོད་དམངས་ཀྱིས་གཞུང་ཕྱོགས་ཀྱི་གསར་འགྱུར་ལ་དོ་ཁུར་བྱས་ཏེ་གོམ་གང་མདུན་སྤོས་ཀྱིས་སྔོན་འགོག་འདུ་ཤེས་མཐོར་འདེགས་གཏོང་དགོས། སྒོ་ཕྱི་རུ་འགྲོ་ན་ཁ་ཐུམ་རྒྱག་པ་དང་དུས་རྒྱུན་ལག་པ་བཀྲུ་བ། འབྲེལ་འདྲིས་བར་ཐག་འཇོག་པ། རང་རང་ས་ནས་ཟ་མ་ཟ་བ། གད་སྙིགས་རིགས་བཀར་ཏེ་འཕེན་པ་སོགས་དཔལ་ཡོན་བདེ་ཐང་གི་གོམས་གཤིས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། རང་འགུལ་གྱིས་པྲོག་གསར་རིམས་ནད་ཀྱི་འགོག་ཁབ་རྒྱག་དགོས། 

ཞིན་ཧེ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་ལས་ཁང་གི་ཁ་པར་ཨང་གྲངས། 0974-8581918

ཞིན་ཧེ་རྫོང་རིམས་འགོག་ལྟེ་གནས་ཀྱི་ཁ་པར་ཨང་གྲངས། 0974-7517320


ཞིན་ཧེ་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་ལས་ཁང་།(ཚབ)
2021ལོའི་ཟླ11པའི་ཚེས2ཉིན།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།