ཟི་ལིང་གྲོང་ཁྱེར་གྱིས་རིམས་འགོག་དངོས་རྫས་འདང་ངེས་གྲབས་གསོག་བྱས་ཡོད།

སྐད་སྦྱོར། ཀླུ་འབུམ་ཚེ་རིང་། ཇུས་འགོད་སྒྲིག་བཟོ། ཚེ་རིང་དོན་གྲུབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན་བར་དུ། གྲོང་ཁྱེར་རིམ་པའི་སྨན་བཅོས་དངོས་རྫས་གྲབས་གསོག་མཛོད་དུ། བསྡོམས་པས་ཉིང་སྐྱུར་བརྟག་དཔྱད་སྨན་རྫས་ཁྲི25.8གྲབས་གསོག་བྱས་ཡོད་པས།  དེས་གྲོང་ཁྱེར་ཡོངས་ཀྱི་ལས་བཟོ་བ་ཚང་མར་ཉིང་སྐྱུར་བརྟག་དཔྱད་ཐེངས་གཅིག་བྱེད་ཐུབ་ལ། N95ཁ་ཐུམ་ཁྲི14.8དང་། སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་ཁྲི239།  སྨན་སྤྱོད་འགོག་སྲུང་གྱོན་ཆས་ཁྲི4.7། སྨན་སྤྱོད་འགོག་སྲུང་གདོང་ཡོལ་ཁྲི4.2། ལོགས་བཀར་ལྭ་བ་ཁྲི10། གཅིག་སྤྱོད་བརྟག་དཔྱད་ལག་ཤུབ་ཁྲི6.3།  སྟབས་བདེའི་དམར་ཕྱིའི་འོད་ཐིག་ལུས་དྲོད་འཇལ་ཆས925།  ཚོད་ལྟ་ཁང་སྐྱེ་དངོས་བདེ་འཇགས་སྐམ་ལམ་སྐྱེལ་འདྲེན་སྒམ5318སོགས་རིམས་འགོག་དངོས་རྫས་དང་འཚོ་བའི་མཁོ་ཆས་འདང་ངེས་གྲབས་གསོག་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།