མཚོ་ཤར་གྱི་སྨན་བཅོས་མི་སྣ400མགྱོགས་མྱུར་ངང་ཟི་ལིང་དུ་རོགས་སྐྱོར་བྱེད་པར་བསྐྱོད་པ།

1_副本.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས1ཉིན་གྱི་དགོང་མོར་མཚོ་སྔོན་ཞིང་ཆེན་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་བཅོས་མགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཛ་དྲག་ངང་ཟི་ལིང་གྲོང་ཁྱེར་ལ་རོགས་སྐྱོར་བྱེད་དགོས་པའི་བརྡ་ཐོ་བཏང་རྗེས། མཚོ་ཤར་གྲོང་ཁྱེར་གྱིས་མགྱོགས་མྱུར་ངང་སྨན་བཅོས་མི་སྣ400གཅིག་ཏུ་བསྡུས་ཏེ་ལམ་ཆས་གྲ་སྒྲིག་གིས་བཀའ་ལ་སྒུག་ཡོད། ཟླ11པའི་ཚེས2ཉིན་གྱི་ཆུ་ཚོད8པར་སྨན་བཅོས་མི་སྣ400ཟི་ལིང་གྲོང་ཁྱེར་དུ་བསྐྱོད་དེ་སྤུན་ཟླའི་གྲོང་ཁྱེར་དང་མཉམ་དུ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས། 

2_副本.jpg

རྒྱུས་ལོན་པ་ལྟར་ན། མཚོ་ཤར་གྲོང་ཁྱེར་གྱིས་ཟི་ལིང་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་ནི་རྫོང་དང་ཆུས་སོ་སོ་དང་གྲོང་ཁྱེར་ཐད་གཏོགས་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་མི་སྣ400ལས་གྲུབ་པ་ཡིན། ལས་འགན་འབྱོར་རྗེས་སྨན་བཅོས་མི་སྣ་ཚང་མས་འཕྲལ་མར་དང་ལེན་ཧུར་ཐག་བྱས་ཤིང་། བྲེལ་མྱུར་སྒོས་གཅིག་ཏུ་འཛོམས་ནས་རིམས་ནད་འགོག་བཅོས་ཀྱི་ལས་ཡུལ་དང་པོར་བསྐྱོད་དེ། ཟི་ལིང་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ལ་རོགས་སྐྱོར་དང་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བསྐྲུན་པར་མཚོ་ཤར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།  །

3.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།