ཉིན་འདི་གཉིས་ལ་ཟི་ལིང་གྲོང་ཁྱེར་གྱི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་སྣ་ཚང་མ་གཅིག་བསྡུས་ལོགས་བཀར་མི་སྣ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས2ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད0ནས་ཟླ11པའི་ཚེས2ཉིན་བར་གྱི་ཆུ་ཚོད7བར་དུ། ཟི་ལིང་གྲོང་ཁྱེར་དུ་གསར་སྣོན་བྱུང་བའི་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་སྣ(ཨང5པ་ཀྲའོ་ཆེ་གེ་མོ་དང་ཨང6པ་ཧྲན་ཆེ་གེ་མོ། ཨང7པ་ལི་ཆེ་གེ་མོ། ཨང8པ་ལུའུ་ཆེ་གེ་མོ། ཨང9པ་ལིའུ་ཆེ་གེ་མོ། ཨང10པ་ཝང་ཆེ་གེ་མོ)ཚང་མ་ནི་རང་ས་གནས་ཀྱི་ནད་པ་ཨང4པ་ཁྲེང་ཆེ་གེ་མོ་དང་འབྲེལ་བ་དམ་ཟབ་ཡོད་པའི་མི་ཡིན་ཞིང་། དེ་དག་ནི་གཅིག་བསྡུས་ལོགས་བཀར་གྱི་སྐབས་སུ་ཉིན་རེའི་ཉིང་སྐྱུར་བརྟག་དཔྱད་ཁྲོད་གདགས་གཤིས་ཡིན་པ་ཤེས་རྟོགས་བྱུང་བ་རེད།

གོང་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི་སྣ་དག་དུས་ཐོག་ཏུ་གཅིག་བསྡུས་ལོགས་བཀར་ས་ཚིགས་ནས་གནས་ཁེལ་སྨན་ཁང་དུ་བསྐྱལ་ཏེ་ལོགས་བཀར་སྨན་བཅོས་བྱེད་བཞིན་ཡོད་པ་མ་ཟད། དུས་ཐོག་ཏུ་བྲེལ་མྱུར་བརྡ་སྦྱོར་བཏང་བ་ཡིན། ད་ལྟ་ནུས་ལྡན་གྱི་ཆེད་ལས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ་འབྲེལ་ཡོད་འགོས་ཁྱབ་ནད་རིགས་རིག་པའི་བརྟག་དཔྱད་དང་ཚོད་ལྟ་ཁང་དུ་བརྟག་དཔྱད་བྱེད་པ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་འཚོལ་བ་དང་འབྲེལ་ཡོད་ས་ཁུལ་ལ་བཀག་སྡོམ་ཚོད་འཛིན་སོགས་ཀྱི་བྱ་བ་བསྒྲུབ་བཞིན་ཡོད་ལ། གྲལ་བཤེར་བྱས་པའི་འབྲེལ་འདྲིས་ཟབ་མོ་ཡོད་མཁན་ཚང་མ་ལོགས་བཀར་དང་བཀག་སྡོམ་ཚོད་འཛིན་བྱས་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།