མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རིན་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྲོས་ཚོགས་ཐེངས་གྱ་གསུམ་པ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་མགོ་འཛིན་གནང་བ་དང་། རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མཱ་ཝུའེ་དང་ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྟེང་ཀྲུང་དབྱང་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་སྐོར་གྱི་གྲ་སྒྲིག་གི་གནས་ཚུལ་དང་། མཚོ་སྔོན་ཞིང་ཆེན་གྱི་འཁོར་རྒྱུག་དཔལ་འབྱོར་སྐུལ་འདེད་སྲོལ་ཡིག(འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན) །མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(འཆར་ཟིན་གྱི་ཞིབ་མཆན་གཉིས་པའི་མ་ཟིན)བཅས་ཀྱི་གཅིག་གྱུར་ཞིབ་བཤེར་གྲ་སྒྲིག་སྐོར་གྱི་གནས་ཚུལ། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་སྨན་རྫས་སྲོལ་ཡིག(འཆར་ཟིན)སྐོར་གྱི་གྲོས་གཞི་དང་། མཚོ་སྔོན་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན་དངོས་ཀྱི་འཆར་ཟིན)སྐོར་གྱི་གྲོས་གཞིའི་གྲ་སྒྲིག་གནས་ཚུལ། ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(དག་བཅོས)། མོན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་རང་སྐྱོང་སྲོལ་ཡིག(བཟོ་བཅོས) ། མཚོ་སྔོན་ཞིང་ཆེན་གཙང་གསུམ་འབྱུང་ཡུལ་དུ་མི་དམངས་ཞིབ་དཔྱོད་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་གཞི། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟའི་ལག་བསྟར)ལག་བསྟར་བྱས་ཚུལ་སྐོར་གནས་ཚུལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྙིང་རྗེ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ཞིབ་བཤེར་སྐོར། 2020ལོའི་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་རྒྱལ་དབང་རང་བྱུང་ཐོན་ཁུངསརྒྱུ་ནོརདོ་དམ་གནས་ཚུལ་སྐོར་གྱི་ཆེད་དམིགས་སྙན་ཞུ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱས་ཚུལ་སྐོར་གྱི་ཆེད་དམིགས་ལས་དོན་དང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞིར་ལྟ་སྐུལ་བྱེད་པའི་སྐོར་གྱི་བྱ་བའི་གནས་ཚུལ། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་འཐུས་མིའི་གྲོས་གཞི་སྒྲུབ་ཚུལ་སྐོར། འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིས་འགན་འཁྲི་བསྒྲུབས་ཚུལ་དང་དེ་བཞིན་མི་དོན་བསྐོ་འཐེན་གྲོས་གཞི་སོགས་ཀྱི་སྙན་ཞུ་གྲ་སྒྲིག་གནས་ཚུལ་བཅས་ཀྱི་སྙན་ཞུ་ལ་ཉན། ཀྲུའུ་རེན་གྲོས་ཚོགས་ཀྱིས་གོང་གི་སྙན་ཞུའི་ནང་དོན་དེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་གྲོས་གཞིར་འབུལ་སྤྲོད་བྱེད་པར་མོས་མཐུན་བྱུང་།

གྲོས་ཚོགས་སྟེང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ཉེར་བརྒྱད་པའི་གྲོས་གཞི་དང་འཚོགས་པའི་དུས་ཚོད་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། གྲོས་ཚོགས་ནས་རྩ་དོན་སྟེང་མོས་མཐུན་བྱུང་བ་མ་ཟད་ཞིང་ཆེན་ཏང་ཨུར་སྙན་ཞུ་བྱས། གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་སྲོལ་ཡིག་བཙུགས་རྗེས་ཀྱི་དཔྱད་འཇོག་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།