ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཏང་ཨུས་རིམས་འགོག་ཚོད་འཛིན་ཁྲོད་འགན་འཁྲི་འཁུར་ཤུགས་མི་འདང་བའི་གནད་དོན2བརྡ་ཁྱབ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་རིམས་འགོག་ཚོད་འཛིན་ལས་དོན་གྱི་སྒྲིག་ལམ་གཟབ་ནན་ཏུ་གཏོང་བ་དང་། ཉེན་ཟོན་སློབ་གསོར་ཤུགས་སྣོན་པ། ཟི་ལིང་གྲོང་ཁྱེར་ཁུལ་ཡོངས་ཀྱི་སྡེ་ཁག་དང་ལས་ཁུངས་སོ་སོའི་རིམས་འགོག་ཚོད་འཛིན་གྱི་འགན་འཁྲི་ཇེ་དམ་དང་དོན་དངོས་སུ་དབབ་ཆེད། ད་ལྟ་རིམས་འགོག་ཚོད་འཛིན་ཁྲོད་འགན་འཁྲི་འཁུར་ཤུགས་མི་འདང་བའི་གནད་དོན2བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག མཁར་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་ཞུའུ་རོང་ཅུན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་རྩ་འཛུགས་མཐུན་སྦྱོར་ནུས་ཤུགས་མི་འདང་བ་དང་ལས་དོན་མཐུན་སྦྱོར་ཡག་པོ་མ་བྱས་པ། ཆེད་ལས་མཛུབ་སྟོན་ཞན་པ། དངོས་འབེབས་སྐུལ་འདེད་དམིགས་སར་འབྱོར་མེད་པས། སྐབས་བཅོ་ལྔ་བའི་ཁུལ་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས་བདུན་པས་ཞིབ་འཇུག་བྱས་པ་བརྒྱུད། དེའི་མཁར་ནུབ་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་དང་ཅུའུ་ཀྲང་གི་གོ་གནས་ཕྱིར་འཐེན་བྱས་པ་མ་ཟད། མཁར་ནུབ་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཐག་བཅད།

གཉིས། མཁར་ནུབ་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཆི་ཡུང་ཆིན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་འགན་འཁྲི་འཁུར་ཤུགས་མི་འདང་བ་དང་ལས་འཛོལ་བྱུང་བ། དོ་དམ་འགན་འཁྲི་ཤོར་བས། སྐབས་བཅོ་ལྔ་བའི་ཁུལ་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས་བདུན་པས་ཞིབ་འཇུག་བརྒྱུད། དེའི་མཁར་ནུབ་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་གོ་གནས་ཕྱིར་འཐེན་བྱས་པ་མ་ཟད། མཁར་ནུབ་ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱིས་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཐག་བཅད།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མི་དམངས་དང་ཚེ་སྲོག་མཆོག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། དངོས་གནས་ས་སྲུང་གི་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁྲི་འཁུར་བ། ས་སྲུང་གི་འགན་འཁྲི་མཐའ་འཁྱོལ་བཅས་བྱས་ཏེ། བརྡ་ཁྱབ་བཏང་བའི་གནད་དོན་ཁྲོད་བསླབ་བྱ་བསྡུ་ལེན་བྱས་ནས་རང་དཔེ་གཞན་སྟོན་གྱིས་མིག་དཔེ་འཛུགས་པ་དང་། བློ་ཐག་རྦད་ཆོད་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་འཁུར་ནས། གཟབ་ནན་དང་དོན་དངོས། ཞིབ་ཕྲ་བཅས་ཀྱི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚར་གཅོད་གཡུལ་འགྱེད་ལ་རྒྱལ་ཁ་ལེན་དགོས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།