《མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་སྲོལ་ཡིག》ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མེ་འགོག་བདེ་འཇགས་འགན་འཁྲི་དོན་འཁྱོལ་གསལ་བོ་བྱེད་པ་དང་། མེ་སྐྱོན་དང་མེ་སྐྱོན་གནོད་འཚེ་ཇེ་ཉུང་དུ་གཏོང་བར་འགོག་སྲུང་བྱས་ཏེ། སྤྱི་བའི་མེ་འགོག་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་འཕྲལ་བསྟུན་མྱུར་སྐྱོབ་བྱ་བར་ཤུགས་སྣོན་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཟོ་བཅོས་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་སྲོལ་ཡིག》གིས་རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག  དེ་མིན་སྤྱི་ཚོགས་ལས་ཁུངས་ཀྱི་མེ་འགོག་འགན་འཁྲི་གསལ་བོ་བྱས་ནས། མེ་འགོག་བདེ་འཇགས་འགན་འཁྲིར་སྒྲིག་སྲོལ་འགན་སྲུང་མཁོ་འདོན་བྱས།《སྲོལ་ཡིག》ལ་ཁྱོན་ལེའུ8དང་ཚན་པ66ཡོད་ཅིང་། 2021ལོའི་ཟླ11པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། 2000ལོའི་ཟླ9པའི་ཚེས22ཉིན་དཔར་འགྲེམ་བྱས་པའི《མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱས་པའི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེ་འགོག་བཅའ་ཁྲིམས>ཀྱི་བྱེད་ཐབས》དུས་མཉམ་དུ་མཚམས་བཞག་པ་ཡིན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།