ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང13པ)
ཟླ11པའི་ཚེས2ཉིན་གྱི་ཞོགས་པར་ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ནད་དུག་གི་ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་ཡིན་པའི་མི3ཇེ་མང་དུ་སོང་ཡོད། ད་ལྟ་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།
ལུའུ་ཆེ་གེ་མོ། (ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་མི་སྣ8པ)མོ། ལོ31ཡིན། ད་ལྟ་ཧའེ་ཧུའུ་ཁུལ་གསར་ལུའོ་ཧྥུ་གུང་ཀོན་དུ་བསྡད་ཡོད། མིག་སྔར་གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།
ལིའུ་ཆེ་གེ་མོ། (ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་མི་སྣ9པ)མོ། ལོ32ཡིན། ད་ལྟ་མཁར་བྱང་ཁུལ་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་ཁྱིམ་སྡོད་ར་སྐོར4པ་རུ་བསྡད་ཡོད། མིག་སྔར་གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།
ཝང་ཆེ་གེ་མོ།(ཉིང་སྐྱུར་བརྟག་དཔྱད་གདགས་གཤིས་མི་སྣ10པ)མོ། ལོ35ཡིན། ད་ལྟ་མཁར་ཤར་ཁུལ་ཁང་ལི་སྡེ་གསར་གྱི་ཐོག་ཁང3པ་རུ་བསྡད་ཡོད། མིག་སྔར་གནས་ཁེལ་སྨན་ཁང་དུ་བསྐྱལ་ནས་ལོགས་བཀར་སྨན་བཅོས་བྱེད་བཞིན་པའི་སྒང་ཡིན།
མིག་སྔར། གོང་གི་པྲོག་གསར་གློ་ཚད་ནད་དུག་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་གདགས་གཤིས་ཡིན་པའི་མི་སྣ་གསུམ་པོ་དེར་འགོས་ཁྱབ་ནད་རིགས་རིག་པའི་བརྟག་དཔྱད་དང་ཚོད་ལྟའི་ཁང་དུ་བརྟག་དཔྱད་བྱེད་བཞིན་པའི་སྒང་ཡིན་ལ། འབྲེལ་འདྲིས་དམ་ཟབ་བྱེད་མཁན་འཚོལ་བ་དང་འབྲེལ་ཡོད་ས་ཁུལ་ལ་བཀག་སྡོམ་ཚོད་འཛིན་བྱེད་བཞིན་ཡོད། མི་སྣ8པ་དང9པ། 10པ་བཅས་ནི་གཅིག་སྡུད་ལོགས་བཀར་བྱེད་པའི་སྐབས་སུ་གདགས་གཤིས་ཡིན་པ་བརྟག་དཔྱད་ཐུབ་པ་ཡིན་པས། རྒྱ་ཆེའི་གྲོང་མི་རྣམས་ཀྱིས་རང་ཉིད་ཀྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབས་རོགས་གནོངས།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།
2021ལོའི་ཟླ11པའི་ཚེས2ཉིན།
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།
ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བྲེལ་མྱུར་བརྡ་སྦྱོར།(ཨང13པ)